ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཨ་རིར་འགྲེམས་སྟོན་གནང་བ།


2015.10.27
ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གནང་བཞིན་པ། ༢༠༡༥།༡༠།༢༤ ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གནང་བཞིན་པ། ༢༠༡༥།༡༠།༢༤
tibet.net

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པས་ཨ་མི་རི་ཀར་འགྲེམས་སྟོན་ཁག་གཉིས་གནང་ཡོད་པ་རེད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འབྲེལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པས། ཨ་རིའི་ཀོ་ལོ་རཌོ་(Colorado)མངའ་སྡེའི་ན་རོ་པ་གཙུག་ལག་སློབ་གྲའི་ནང་༧གོང་ས་མཆོག་གི་མཛད་རྣམ་སྐོར་དང་། དེང་དུས་བོད་ཀྱི་འགྲེམས་སྟོན་ཤིག་གོ་སྒྲིག་ཞུས་གནང་ཡོད་པ་དང་། འགྲེམས་སྟོན་རིམ་པ་གཉིས་ཡོད་པ་ནས་དང་པོ་༧གོང་ས་མཆོག་གི་མཛད་རྣམ་ཞེས་པའི་ནང་༧གོང་ས་མཆོག་གི་སྐུ་ཚེའི་མཛད་འཕྲིན་སྤྱི་དང་། ལྷག་དོན་དུ་ཕྱིས་སུ་འཛམ་གླིང་གི་དབུ་ཁྲིད་དང་གྲགས་ཅན་མི་སྣ་མཇལ་འཕྲད་གནང་བ་སོགས་༧གོང་ས་མཆོག་གི་འཛམ་གླིང་སྤྱིའི་སྐྱེ་འགྲོའི་བདེ་སྐྱིད་ཆེད་སྐུ་ངལ་བསྐྱོན་པ་དང་། ཕྱོགས་མཚུངས་ཕྱག་དེབ་གྲངས་ནས་འདས་པ་ལྗགས་རྩོམ་གནང་བའི་སྐོར་སོགས་འགྲེམས་སྟོན་གནང་འདུག
འགྲེམས་སྟོན་གཉིས་པ་མ་འོངས་པའི་མདུན་བསྐྱོད་ཞེས་པའི་ནང་། དེ་སྔའི་བོད་ཀྱི་ལོ་རྒྱུས་དང་། དེ་རྗེས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་རྗེས་བཙན་བྱོལ་ནང་བོད་མི་ཚོས་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བའི་ལོ་རྒྱུས་འགྲེམས་སྟོན་གནང་འདུག
འདི་ཚེས་༢༤དང་༢༥ཉིན་གྱི་འགྲེམས་སྟོན་དེར་བོད་སྐོར་གློག་བརྙན་དང་རིག་གཞུང་འཁྲབ་སྟོན་ཡང་གོ་སྒྲིག་ཞུས་པ་དེར་ཕྱི་ནང་མི་སྣ་བདུན་བརྒྱ་ཙམ་མཉམ་ཞུགས་གནང་ཡོད་འདུག
འགྲེམས་སྟོན་དེ་བཞིན་ན་རོ་པ་གཙུག་ལག་སློབ་གྲ་དང་ས་གནས་བོད་རིགས་སྤྱི་འཐུན་ཚོགས་པ་ཐོུང་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎