བོད་གཞུང་སྐུ་ཚབ་ནས་ཧང་གེ་རིའི་གྲོས་ཚོཌ་འཐུས་མི་མཇལ་བ།

བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་མཆོག་ནས་ཧང་གེ་རིའི་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག

2009.04.08

༄༅༎བཙན་བྱོལ་བོད་གཞུང་གི་ཤར་དང་དབུས་ཡུ་རོབ་ཀྱི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་ཁ་ས་ཧང་གེ་རིའི་ཡུལ་ནང་ཡུལ་འདིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདོན་ལྟར་ན་སྐུ་ཚབ་དོན་གཅོད་ནས་ཧང་གེ་རི་ཡུལ་གྱི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཆོག་དང་མཇལ་འཕྲད་ཀྱིས་ཧང་གེ་རི་གཞུང་ནས་བོད་ཀྱི་ཆབ་སྲིད་དཀའ་རྙོག་སེལ་ཐབས་ལ་རྒྱ་ནག་གཞུང་ལ་ཆབ་སྲིད་གནོན་ཤུགས་སྤྲོད་ཐབས་ཡོང་བའི་རེ་འདུན་གནང་ཡོད་འདུག

ཧང་གེ་རི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཛོལ་ནེ་མེཐ་ཞུ་བས་རྒྱ་ནག་གཞུང་གིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྤྲོད་དགོས་པ་དེ་བོད་ནང་ཆབ་སྲིད་བརྟན་ལྷིངས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་བཟང་ཤོས་དེ་ཡིན་པ་དང་ཧན་གེ་རི་གཞུང་གིས་ཧང་གེ་རི་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ལ་སྐྱབས་བཅོལ་གྱི་གནས་བབ་སྩལ་རྒྱུ་སོགས་ལ་དུས་ཡུན་རིང་པོ་མི་འགོ་བ་ཕྱག་ལེན་ཐུབ་ཐབས་ལ་དགོངས་པ་བཞེས་རྒྱུའི་དགོངས་ཚུལ་ཡོད་པ་དང་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་མཆོག་ནས་མུ་མཐུད་ཧང་གེ་རི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་ཆུང་གི་ཚོགས་གཙོ་མཆོག་དང་འང་མཇལ་འཕྲད་གནང་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎