རྒྱ་ནག་གིས་བོད་ནང་མི་འབོར་ལྡབ་ལོག་འཕར་ཚུལ་བཤད་པ།

རྒྱ་ནག་གཞུང་གིས་འདས་པའི་མི་ལོ་ལྔ་བཅུའི་ནང་བོད་ཀྱི་མི་འབོར་ལྡབ་གཉིས་ཀྱིས་འཕེལ་རྒྱས་ཕྱིན་ཡོད་ཚུལ་བཤད་ཡོད་པའི་སྐོར།

2011.03.08

༄༅༎རྒྱ་ནག་གཞུང་གིས་འདས་པའི་མི་ལོ་ལྔ་བཅུའི་ནང་བོད་ཀྱི་མི་འབོར་ལྡབ་གཉིས་ཀྱིས་འཕེལ་རྒྱས་ཕྱིན་ཡོད་ཚུལ་བཤད་ཡོད་པའི་སྐོར་དེ་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་ལ་གནས་ཚུལ་བཀོད་པ་རེད།

དེ་ཡང་བོད་ཀྱི་འཆར་ལྡན་བུ་བཙའི་ལས་དོན་ལྷན་ཁང་གི་མགྲིན་ཚབ་པས། འདས་པའི་དུས་རབས་ཕྱེད་ཀ་དེའི་ནང་བོད་ཀྱི་མི་འབོར་ལྡབས་གཉིས་ལྷག་འཕེལ་རྒྱས་ཕྱིན་ཏེ། ཕྱི་ལོ་༢༠༡༠འི་ལོ་མཇུག་བར་མི་འབོར་ས་ཡ་གསུམ་ཙམ་ཟིན་གྱི་ཡོད་ལུགས་དང༌། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་ས་ཁུལ་ནང་དུ་ཕྱི་ལོ་༢༠༠༥ ནས་༢༠༡༠འི་འདས་པའི་མི་ལོ་ལྔའི་ནང་ལོ་རེ་བཞིན་མི་འབོར་བརྒྱ་ཆ་༡དང་གྲངས་ཆུང་༡འཕེལ་རྒྱས་ཕྱིན་ཡོད་པ་དེ་ནི། རྒྱལ་ཡོངས་ཀྱི་མི་འབོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་གྲངས་ཀ་ལས་མང་བ་བྱུང་ཡོད་ལུགས་བཤད་ཡོད་པ་ཤིང་ཧྰ་གསར་ཤོག་ཐོག་བཀོད་ཡོད་པ་རེད། ད་དུང་ཤིང་ཧྰ་གསར་ཤོག་དེའི་ཐོག་ལ། འདས་ཟིན་པའི་མི་ལོ་ལྔ་པོ་དེའི་རིང་ལ་བོད་མི་ཚོའི་སྤྱི་ཡོངས་ཀྱི་ཚེ་ཚད་ཀྱང་ལོ་གསུམ་ཅུ་སོ་གྲངས་ནས་༦༧བར་རིང་དུ་ཕྱིན་པ་དང༌། དེའི་རྒྱུ་མཚན་ནི་གཙོ་བོ་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་བདེ་འཇགས་ལམ་ལུགས་འཕེལ་རྒྱས་ཕྱིན་པར་བརྟེན་ནས་བྱུང་བ་ཡིན་ཚུལ་བཤད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎