བལ་ཡུལ་གྱི་ས་ཡོམ་གོད་ཆག་ཁྲོད་བོད་མི་བཞིའི་ཚེ་སྲོག་ཤོར་འདུག


2015.04.28
བལ་ཡུལ་གྱི་ས་ཡོམ་གོད་ཆག་ཁྲོད་ཐོར་གཤིག་ལ་སོང་བའི་ནང་བའི་དགོན་པ་ཞིག ༢༠༡༥།༤།༢༦ བལ་ཡུལ་གྱི་ས་ཡོམ་གོད་ཆག་ཁྲོད་ཐོར་གཤིག་ལ་སོང་བའི་ནང་བའི་དགོན་པ་ཞིག ༢༠༡༥།༤།༢༦
མཐུན་འགྱུར་པར་རིས།

འགུལ་ཚད་རིམ་པ་༧.༨ཅན་གྱི་བལ་ཡུལ་གྱི་ས་འགུལ་གོད་ཆག་ཁྲོད་ད་བར་ཉུང་མཐར་བོད་མི་བཞི་ཡི་ཚེ་སྲོག་ཤོར་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས་༢༥ཉིན་བལ་ཡུལ་དུ་ས་ཡོམ་འགུལ་ཚད་བརྒྱད་ལ་ཉེ་བ་ཞིག་བརྒྱབ་པའི་གོད་ཆག་ཁྲོད་ད་བར་མི་གྲངས་༥༠༠༠ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང༌། ཁྲི་ཕྲག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ད་དུང་མུ་མཐུད་ཤི་རྨས་ཀྱི་གྲངས་ཀ་འཕར་བཞིན་པ་རེད་ལ་གོད་ཆག་ཁྲོད་ཉུང་མཐར་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མི་བཞིའི་ཚེ་སྲོག་ཤོར་ཡོད་པ་རེད་འདུག
དེ་བཞིན་ཡང་བལ་ཡུལ་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་ལས་ཁུངས་ནས་བལ་ཡུལ་ཁུལ་གྱི་བོད་མིའི་གནས་སྟངས་ཕྱི་བསྒྲགས་བྱས་བའི་ནང་། རྒྱལ་ས་ཀ་ཐ་མན་གྲུ་དང། གློ་ཚེ་རོགས། Solokhimbuདང། ཁུམ་སྟོད་སོགས་བོད་མིའི་གཞིས་ཆགས་དེ་དག་གི་རྩིག་པར་གས་སྐྱོན་ཤོར་བ་ལས་མི་དང་རྒྱུ་ནོར་ལ་གནོད་འཚེ་ཆེན་པོ་བྱུང་མེད། ཡིན་ནའང་བལ་ཡུལ་འཕགས་པ་ཤིང་ཀུན་ཉེ་འགྲམ་གྱི་ཁང་པ་ཐོག་བརྩེགས་ཅན་ཞིག་ཐོར་གཤིག་སོང་བའི་འོག་བོད་པའི་བུ་སྤུན་གཉིས་ལས་གཅིག་རྐྱེན་འདས་སུ་ཕྱིན་པ་དང། གཅིག་ཤོས་དེར་རྨས་སྐྱོན་ཚབས་ཆེ་ཕོག་ཏེ་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་སྐོར་དང་། དེ་བཞིན་བལ་ཡུལ་གྱི་མཆོད་རྟེན་དང་Jorpatiཁུལ་གྱི་བོད་པའི་ཁྱིམ་ཚང་༣༧གྱི་ཁང་པ་ཚབས་ཆེའི་གནོད་འཚེ་བཟོས་པ་དང་། ཐོར་བཤིག་སོང་བ། མཆོད་རྟེན་ཁུལ་ནས་ལོ་༣༠ ཡིན་པའི་འཆི་མེད་ལགས་ས་ཡོམ་གྱི་གོད་ཆགས་ནང་ཚུད་དེ་འདས་གྲོངས་སུ་ཕྱིན་པ་དང། ད་དུང་བཙུན་མའི་ཤག་མང་པོར་གནོད་འཚེ་ཐེབས་ནས་བཙུན་མ་གཅིག་འདས་གྲོངས་སུ་ཕྱིན་པ་དང་། བཙུན་མ་གསུམ་ལ་རྨས་སྐྱོན་ཚབས་ཆེ་ཕོག་འདུག དེ་མིན་གྱི་བཙུན་མ་གསུམ་ལ་རྨས་སྐྱོན་ཡོད་པ་རེདྲ
གཞན་བལ་ཡུལ་གྱི་གྲོང་ཁྱེར་Pokhraདང་། རྒྱལ་སའི་སྐུ་ཚབ་ལས་ཁུངས། Jwalakhelབོད་མིའི་གཞིས་ཆགས་སོགས་ནང་ཁང་པ་དང་། ལས་ཁུངས་ཀྱི་རྩིག་པར་གནོད་སྐྱོན་དང་གས་ཆག་བྱུང་བ་ལས་མི་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་ཀྱང། བོད་མིའི་གཞིས་ཆགས་ཝ་ལུང་དང་མཐའ་མཚམས་ཀྱི་ས་གནས་རྡོ་ཐང་དང། མ་ནང། ཙུམ། ནུབ་རི་སོགས་ཁག་ཅིག་ལ་འབྲེལ་བ་ཞུ་ཐུབ་ཀྱི་མེད་ཚུལ་བཀོད་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ཀྱིས་བལ་ཡུལ་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

གསར་འགོད་པ་ཐུབ་བསྟན་སངས་རྒྱས།

དེ་ནས་བལ་ཡུལ་ནང་ས་འགུལ་འགུལ་རྒྱབ་པའི་རྐྱེན་གྱིས་རྒྱ་གར་གྱི་མི་སེར་༦༦འདས་གྲོངས་དང་རྒྱ་གར་གཞུང་གིས་བལ་ཡུལ་ནས་རྒྱ་གར་གྱི་མི་སེར་༢༠༠༠མིན་ཙམ་ལ་སྨན་བཅོས་བྱས་ཡོད་པའི་སྐོར། བསོད་ནམས་དབང་འདུས་ལགས་ཀྱིས་གནས་ཚུལ་བཏང་བར་གསན་རོགས།

གསར་འགོད་པ་བསོད་ནམས་དབང་འདུས།

བལ་ཡུལ་ནང་ས་འགུལ་བརྒྱབ་ནས་ཉིན་གསུམ་རྗེས་རོགས་སྐྱོབ་ཀྱི་ལས་དོན་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའིི་སྐོར་ཆོས་སྐྱིད་ཀྱིས་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་ཞུ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎