སུ་ཝེ་ཌེན་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་འདུ་ཚོགས་འདུག


2017.06.02
སུ་ཝེ་ཌེན་གྲོས་ཚོཊ་ནང་བོད་དོན་རྒྱབ་སྐྱོར་ཚོཊ་འདུ་ཚོཊ་སྐབས། ༢༠༡༧།༥།༣༡ སུ་ཝེ་ཌེན་གྲོས་ཚོཊ་ནང་བོད་དོན་རྒྱབ་སྐྱོར་ཚོཊ་འདུ་ཚོཊ་སྐབས། ༢༠༡༧།༥།༣༡
tibet.net

ཉེ་ཆར་གསར་འཛུགས་གནང་བའི་སུ་ཝེ་ཌེན་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་དང་། སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱི་མཐུན་འགྱུར་འོག་ཡུལ་དེའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་གནང་འདུག
དེ་ཡང་སྤྱི་ལྔ་བའི་ཚེས ༣༡ ཉིན་ཚོགས་པའི་བགྲོ་གླེང་ཚོགས་འདུ་དེའི་ཐོག་སུ་ཝེ་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་མར་གྷ་རེ་ཊ་Margareta Cederfeltགཙོས་པའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་བདུན། སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Mattias Björnerstedtགཙོས་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་བ་དང་སུ་ཝེ་ཌེན་ཁུལ་གྱི་བོད་མི་བཅས་མཉམ་ཞུགས་གནང་ཡོད་འདུག
སྐབས་དེར་ཡོ་རོབ་དང་། ལྷོ་ཨ་ཧྥེ་རི་ཀའི་བོད་མི་དམངས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ཀྱིས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་འདུག་ཅིང་། གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་ཁོང་རྣམ་གཉིས་ནས་སུཝེ་ཌེན་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་ཡོང་ཐབས་རེ་འདུན་གནང་འདུག་པར་མ་ཟད། བོད་དོན་ཐོག་མུ་འཐུད་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་གནང་འདུག་ལ་སུ་ཝེ་ཌེན་གྲོས་ཚོགས་ཀྱི་འཐུས་མིའི་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་མར་གྷ་རེ་ཊ་ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུང་འདུག

གསར་འགོད་པ་བསོད་ནམས་ལྷ་མོ། རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎