བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་གོ་རྟོགས་ལས་འགུལ།

བཞུགས་སྒར་རྡ་རམ་ས་ལའི་ཉེ་འགྲམ་དུ་ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པ་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་གོ་རྟོག་གི་ལས་འགུལ་སྤེལ་བ།

2009.12.21

༄༅༎བཞུགས་སྒར་རྡ་རམ་ས་ལའི་ཉེ་འགྲམ་ཅིནཏ་པུ་ནིར་ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པ་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་གོ་རྟོག་གི་ལས་འགུལ་ཞིག་སྤེལ་འདུག།

ཅིནཏ་པུ་ནི་ཞེས་པའི་ས་གནས་འདི་རྡ་རམ་ས་ལ་ནས་རྒྱང་ཐག་ཀི་ལོ་མི་ཊར་༦༨ཙམ་ཆོད་པའི་སར་ཆགས་ཡོད་ཅིང་དེ་རིང་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་གཅིག་ཉིན་ས་གནས་དེའི་ནང་ཡོད་པའི་ལྷ་མོ་དབྱངས་ཅན་མའི་དགོན་པའི་སློབ་གྲྭ་དེའི་ནང་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་གོ་རྟོག་སྤེལ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་དེའི་ཐོག་སློབ་ཕྲུག་གྲངས་༢༠༠ཙམ་དེ་བཞིན་སློབ་གྲྭ་དེའི་དགེ་རྒན་ཚོ་མཉམ་ཞུགས་གནང་འདུག་ལ་བོད་དོན་གོ་རྟོག་སྤེལ་བའི་ལས་འགུལ་དང་བསྟུན་སློབ་གྲྭ་དེའི་སློབ་ཕྲུག་ཚོས་རྩོམ་ཡིག་དང་སྙན་རྩོམ་འགྲན་བསྡུར་ཡང་བྱས་འདུག།

རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་གནང་པའི་ལས་འགུལ་དེའི་ཐོག་བཙན་བྱོལ་བོད་གཞུང་གི་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཏུ་ཨ་ཅརྱ་ཡ་ཀརྨ་སྨོན་ལམ་ལགས་གདན་ཞུས་ལྟར་ཆེད་ཕེབས་གནང་སྟེ་བོད་དང་བོད་ཀྱི་རང་འབྱུང་ཁོར་ཡུག་སྐོར་གྱི་བརྗོད་གཞིའི་ཐད་གསུང་བཤད་གནང་ཞིང་ཁོང་གིས་བོད་མཐོ་སྒང་གི་རང་འབྱུང་ཁོར་ཡུག་ལ་འགྱུར་ལྡོག་འགྲོ་བ་དེས་མི་ས་ཡ་མང་པོའི་བདེ་འཇགས་འཚོ་གནས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་གསུངས་ཡོད་པ་དང་ལྷག་པར་དུ་ཁོང་གིས་བོད་ཀྱི་ཁོར་ཡུག་གི་གནད་དོན་འདི་ནི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སྣོད་བཅུད་དང་དམིགས་བསལ་འབྲེལ་བ་ཡོད་པ་གསལ་བཤད་གནང་ཡོད་པ་རེད།

ཡང་ཧི་མ་ལ་ཡའི་ཁྱིམ་ཚང་ངམ་ཧི་མ་ལ་ཡ་པ་རཱི་ལྦར་ཞེས་པའི་ཚོགས་པ་དེས་སྤེལ་བའི་བོད་དོན་གོ་རྟོག་སྤེལ་བའི་ལས་འགུལ་དེར་གདན་འདྲེན་ཞུས་པའི་དམིགས་བསལ་སྐུ་མགྲོན་ས་གནས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་པརཱ་ལྦིན་ཀུ་མར་ལགས་ཀྱིས་བོད་ནང་རང་འབྱུང་ཁོར་ཡུག་ལ་གཏོར་སྐྱོན་བྱུང་དང་འབྱུང་བཞིན་པར་ཧ་ཅང་ཐུགས་འཚབ་ཆེན་པོ་ཡོད་པ་གསུངས་འདུག།

ཡང་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ད་རེས་ཀྱི་ལས་འགུལ་འདིའི་སྐབས་རྐུ་ཤོར་བའི་བོད་ཀྱི་ཕྲུ་གུ་ཅེས་པའི་པན་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་གྱི་གློག་བརྙན་དེ་བསྟན་གནང་འདུག་ལ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བོད་དོན་དང་འབྲེལ་བའི་དཔར་གྱི་འགྲེམས་སྟོན་ཞིག་ཀྱང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎