རྒྱལ་ཚོགས་མདུན་བོད་མི་ཚོས་ངོ་རྒོལ་སྐད་འབོད་དང་བོད་དོན་ཞུ་སྐུལ་གནང་འདུག

2022.03.01
རྒྱལ་ཚོགས་མདུན་བོད་མི་ཚོས་ངོ་རྒོལ་སྐད་འབོད་དང་བོད་དོན་ཞུ་སྐུལ་གནང་འདུག རྒྱལ་ཚོགས་མདུན་བོད་མི་ཚོས་ངོ་རྒོལ་སྐད་འབོད་སྐད་བོད་དོན་ཞུ་སྐུལ་གནང་སྐབས། ༠༢།༢༨།༢༠༢༢
རབ་སྒང་ཚེ་ཕུན།/RFA

ཕྱི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། སུད་སུའི་གྲོང་ཁྱེར་ཇི་ནི་ཝར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཚོགས་ཐེངས་༤༩་པ་དབུ་འཛུགས་གནང་པའི་སྐབས་དང་བསྟུན། སུད་སི་དང་། ལེགས་ལྡན་ཤེ་ཁྲན་བོད་རིགས་ཚོགས་པས་སྣེ་ཁྲིད་འོག་མི་གྲངས་བདུན་བཅུ་ཙམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ལྷན་འཛོམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་གཉིད་ལས་སེལ་རོགས་ཞེས་སྐད་འབོད་བྱས་ཡོད་པ་རེད།
རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྙན་ཞུའི་ལས་འཆར་འབྲེལ་མཐུད་པ། ཇི་ནི་ཝའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཐེངས་འདིར་རྒྱལ་ཚོགས་སུ་ཕུལ་བའི་སྙན་ཞུའི་ནང་དོན་ནང་། རྒྱལ་ཚོཊ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་༤༩་པ་དེ་རིང་འགོ་ཚུགས་པ་རེད། ཚོཊ་འདུ་འདི་དང་བསྟུན་ནས་དོན་གཅོད་ལས་ཁུངས་ཀྱིས་ཕྱི་ཟླ་དང་པོ་ནས་ཚོཊ་མི་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམ་པར་དངོས་སུ་ཐུག་འཕྲད་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཞུ་གཏུག་བྱེད་འགོ་བཙུགས་ཡོད། ཞུ་གཏུག་གི་ནང་དོན་གཙོ་བོ་དེ། ད་ལྟའི་ཆར་བོད་ནང་དུ་རྒྱ་ནག་གཞུང་གི་སྲིད་ཇུས་སྡུག་རྩུབ་ཇེ་ཆེར་འགྲོ་བཞིན་ཡོད་པའི་གནས་སྟངས་ངོ་སྤྲོད་དང་བཅས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་གཏན་འབེབས་བྱས་པའི་སྒྲིག་སྲོལ་ནང་དུ། མི་རིགས་སོ་སོའི་སྐད་ཡིག་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག ད་དུང་འགྲོ་འོང་རང་དབང་སོཊ་ལ་སྲིད་གཞུང་གིས་འགན་སྲུང་བྱེད་དགོས་ཞེས་བཀོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་དག་ཚུལ་བཞིན་ལག་བསྟར་བྱེད་ཀྱི་མེད་པས། རྒྱལ་ཚོགས་ཀྱིས་བོད་ནང་རྟོགས་ཞིབ་གནང་མཁན་མངགས་གཏོང་བྱ་དགོས་པའི་རེ་སྐུལ་ཞུས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་དུ་སུད་སུ་དང་ལེགས་ལྡན་ཤེ་ཐན་བོད་རིགས་ཚོགས་པས་ད་ལྟའི་བོད་ནང་གི་དངོས་ཡོད་སྟངས་ཞིབ་ཕྲ་འཁོད་པའི་ཞུ་སྐུལ་སྙན་ཞུ་ཤོག་གྲངས་བཞི་ཡོད་པ་ཞིག་འབྲེལ་ཡོད་མི་སྣར་མཇལ་འཕྲད་ཀྱིས་ཕུལ་ནས་རྒྱལ་ཚོགས་ཀྱིས་སྔར་ལས་ལྷག་པའི་བསམ་ཞིབ་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས་འདི་གའི་གསར་འགོད་པར་ངོ་སྤྲོད་གནང་ཡོད།
ལས་འགུལ་སྐབས་སུད་བོད་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཅ་ཁི་ཡིས་བོད་རྒྱ་འབྲེལ་མོལ་འགོ་འཛུགས་ཡོང་ཆེད་རྒྱལ་ཚོགས་ཀྱིས་དོན་འབྲས་ལྡན་པའི་ལས་དོན་སྤེལ་དགོས་ཞེས་འབོད་སྐུལ་གཏམ་བཤད་གནང་འདུག
དེ་བཞིན་སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ། ཟླ་བ་རེར་ཐེངས་རེར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་མཁན་སྟག་ཚང་དཀོན་མཆོག་ལགས་མཉམ་ཞུགས་ཀྱིས་རྒྱལ་ཚོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་གཞིགས་ནས་བོད་ཀྱི་གནད་དོན་ཐད་དོ་སྣང་མང་ཙམ་དང་ལས་དོན་མང་ཙམ་སྤེལ་དགོས་བའི་ནན་སྐུལ་གནང་འདུག

གསར་འགོད་པ། རབ་སྒང་ཚེ་ཕུན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎