བོད་མངའ་རིས་ཁུལ་དུ་གནམ་ཐང་གསར་བསྐྲུན་བྱས་ལུགས།

མངའ་རིས་ཁུལ་དུ་གནམ་ཐང་བཞི་པ་འཛུགས་སྐྲུན་བྱས་པ་དེ་ཕྱི་ཟླ་བདུན་པའི་ནང་དངོས་སུ་འགྲིམས་འགྲུལ་གྱི་སྒོ་མོ་འབྱེད་རྒྱུ་ཡིན་འདུག

2009.11.03

༄༅༎དེ་རིང་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཤིན་ཧཱ་གསར་ཤོག་གིས་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གཞུང་གིས་བོད་རང་ལྗོངས་ཟེར་བའི་ནང་གི་མངའ་རིས་ཁུལ་དུ་གནམ་ཐང་བཞི་པ་འཛུགས་སྐྲུན་བྱས་པ་དེ་རིང་མིན་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་བདུན་པའི་ཚེས་གཅིག་ཉིན་དངོས་སུ་འགྲིམས་འགྲུལ་གྱི་སྒོ་མོ་འབྱེད་རྒྱུ་ཡིན་པ་བཤད་ཡོད་པ་རེད།

བོད་ནང་གནམ་ཐང་འཛུགས་སྐྲུན་གྱི་ལས་དོན་ཁང་གི་འགོ་ཁྲིད་ཧུ་ཅིན་ཕ་ཟེར་བས་གནམ་ཐང་འཛུགས་སྐྲུན་བྱེད་ཡུལ་གྱི་མངའ་རིས་ས་ཁུལ་དེ་ནི་རྒྱ་མཚོ་ངོས་ནས་མཐོ་ཚད་མི་ཊར་བཞི་སྟོང་སྟེང་ཡོད་པ་དང་འཛུགས་སྐྲུན་གྱི་ལས་གཞི་ཕྱི་ལོ་ཉིས་སྟོང་བདུན་ལོར་འགོ་བཙུགས་ཏེ་འགྲོ་གྲོན་རྒྱ་མིའི་སྒོར་མོ་ཐེར་འབུམ་ཆིག་སྟོང་དྲུག་བརྒྱ་ལྷག་ཕྱིན་ཡོད་ལུགས་དང་གནམ་གྲུ་རྒྱུགས་ཡུལ་མི་ཊར་བཞི་སྟོང་ལྔ་རྒྱའི་རྒྱ་ཁྱོན་དང་ཕྱོགས་སྟོན་གྱི་འཕྲུལ་རིགས་སོགས་ཆ་ཚང་བ་ལེགས་གྲུབ་བྱུང་སྟེ་ཉེ་ཆར་ཕྱི་ཟླ་བཅུ་པའི་ཚེས་བཅུ་གསུམ་ནས་བཅོ་བརྒྱད་བར་ཏུ་གནམ་གྲུ་འཕུར་བསྐྱོད་ཀྱི་ཚོད་ལྟ་བྱས་ཏེ་ལམ་ལྷོང་བྱུང་ཚུལ་དང་མི་དམངས་ཚོར་འགྲིམས་འགྲུལ་གྱི་སྒོ་མོ་འབྱེད་པ་བརྒྱུད་མ་འོངས་པར་ལོ་རེར་འགྲུལ་པ་འབུམ་གཅིག་དང་ཁྲི་གཉིས་ལྷག་འོར་འདྲེན་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཤད་ཡོད་པ་རེད། བོད་ཀྱི་མངའ་རིས་ཁུལ་གྱི་གནམ་ཐང་གསར་པ་དེ་ནི་མངའ་རིས་ནས་ལྷ་ས་དང་ཤིན་ཅང་ས་ཁུལ་བར་འཕུར་བསྐྱོད་བྱ་རྒྱུ་ཡིན་པ་དང་མངའ་རིས་ས་ཁུལ་དེ་ནི་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཀི་ལོ་མི་ཊར་ཆིག་སྟོང་དྲུག་བརྒྱའི་མཚམས་སུ་ཡོད་ཅིང་རྒྱ་ནག་གཞུང་གིས་བཤད་པར་གཞིགས་ན་བོད་ནང་དུ་གནམ་ཐང་བཞི་འཛུགས་སྐྲུན་བྱས་ཚུལ་དང་དང་པོ་དེ་ལྷ་ས་གོང་དཀར་གནམ་ཐང་དང་གཉིས་པ་ཆབ་མདོ་ཁུལ་དང་གསུམ་པ་ཀོར་པོ་ཉིང་ཁྲི་གནམ་ཐང་ རིང་མིན་མངའ་རིས་ཁུལ་དུ་གནམ་ཐང་སྒོ་མོ་འབྱེད་རྒྱུ་དེ་ནི་ཨང་བཞི་པ་ཡིན་ལུགས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎