བོད་དུ་ཡུལ་བསྐོར་སྤྲོ་འཆམ་ལས་རིགས་ཀྱི་ལྷན་ཚོགས།

ལོ་ལྔའི་འཕེལ་རྒྱས་འཆར་གཞིའི་ནང་བོད་ནང་ཡུལ་བསྐོར་སྤྲོ་འཆམ་གྱི་ཡོང་འབབ་མི་མང་ཤོག་སྒོར་ཐེར་འབུམ་བཅུ་གསུམ་ཙམ་བྱུང་ལུགས།

2011.04.06

༄༅༎ཕྱི་ཟླ་བཞིའི་ཚེས་༤ཉིན་བོད་རང་སྐྱོང་ལྗོངས་ཡུལ་བསྐོར་སྤྲོ་འཆམ་ལས་རིགས་ཀྱི་ལྷན་ཚོགས་ཤིག་བསྐོངས་ཚོགས་བྱས་ཡོད་པའི་སྐབས་ བོད་རང་སྐྱོང་ལྗོངས་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གི་དཔོན་རིགས་བག་གྲོ་ལགས་ཀྱིས་ རྒྱ་ནག་གཞུང་གིས་བོད་ནང་ལོ་ལྔ་རེའི་འཕེལ་རྒྱས་ཀྱི་འཆར་གཞིའི་ལས་གཞི་འགོ་བཙུགས་པ་ནས་བཟུང་ ལོ་ལྔ་རེའི་འཕེལ་རྒྱས་འཆར་གཞི་ཐེངས་བཅུ་གཅིག་པ་རིང་ བོད་ནང་ཡུལ་བསྐོར་སྤྲོ་འཆམ་གྱི་ལས་རིགས་འཕེལ་རྒྱས་བཏང་ནས་ རྒྱ་ནག་རྒྱལ་ནང་དང་ཕྱི་རྒྱལ་ནས་བོད་ནང་ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་མཁན་གྱི་མིའི་གྲངས་འབོར་ས་ཡ་ཉི་ཤུ་རྩ་གཅིག་ཟིན་ཡོད་པ་དང་ ལོ་ལྔའི་འཆར་གཞིའི་ལས་གཞི་སྔོན་མ་ལས་བརྒྱ་ཆ་༣༡ཀྱིས་མང་བ་བྱུང་ཡོད་པ་དང་ མ་དངུལ་མི་མང་ཤོག་སྒོར་དེའི་སྔོན་གྱི་ཐེར་འབུམ་ལྔ་ནས་ ལོ་ལྔའི་འཕེལ་རྒྱས་འཆར་གཞི་ཐེངས་བཅུ་གཅིག་པའི་ནང་ བོད་ནང་ཡུལ་བསྐོར་སྤྲོ་འཆམ་གྱི་ཡོང་འབབ་མི་མང་ཤོག་སྒོར་ཐེར་འབུམ་བཅུ་གསུམ་ཙམ་བྱུང་ལུགས་བརྗོད་འདུག

བོད་རང་སྐྱོང་ལྗོངས་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གི་ལྷན་ཚོགས་དེའི་ཐོག་ད་དུང་བོད་ནང་གི་ཡུལ་ཁོར་སྤྲོ་འཆམ་གྱི་ལས་རིམ་མྱུར་ཚད་མགྱོགས་པོའི་ཐོག་ནས་འཕེལ་རྒྱས་ཕྱིན་ནས་ ད་ཆ་བོད་ནང་རྒྱལ་སྤྱིའི་ཚད་ལྡན་གྱི་རིམ་པ་ལྔ་ཡན་གྱི་མགྲོན་ཁང་ཁག་བཅུ་དྲུག་ཙམ་དང་  རིམ་པ་གསུམ་ཡན་གྱི་མགྲོན་ཁང་༣༡་ དེ་མིན་གྱི་མགྲོན་ཁང་རིགས་འདྲ་མིན་ཡོད་པ་དང་ ཡུལ་བསྐོར་སྣེ་གཤན་པ་མི་གྲངས་༡༠༠ལྷག་ཙམ་དང་ བོད་ནང་ཡུལ་བསྐོར་སྤྲོ་འཆམ་གྱི་ལས་རིགས་དང་ཐད་ཀར་འབྲེལ་བའི་ལས་མི་ཁྲི་བཞི་ལྷག་ཙམ་ཡོད་པ་དང་ ལོ་རེར་ལས་ཁ་སྣེ་གྲངས་གསུམ་སྟོང་ཙམ་ཐོན་གྱི་ཡོད་ལུགས་བརྗོད་པའི་སྐོར་རྒྱ་ནག་མི་མང་ཉིན་རེའི་ཚགས་ཤོག་གི་དབྱིན་ཡིག་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎