ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་གྲོས་ཚོགས་ལ་ལན་འདེབས་གནང་བ་ནི་ཨ་རིས་བོད་དོན་ལ་ཐུགས་སྣང་ཡོད་པ་མཚོན་ཞེས་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་གསུངས་བ།

2022.01.08
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་གྲོས་ཚོགས་ལ་ལན་འདེབས་གནང་བ་ནི་ཨ་རིས་བོད་དོན་ལ་ཐུགས་སྣང་ཡོད་པ་མཚོན་ཞེས་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་གསུངས་བ། ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པས་ཞུ་སྐུལ་སྙན་ཞུར་བདག་སྤྲོད་ལན་འདེབས་གནང་བ་དེ་ནི། ཨ་རིའི་སྲིད་གཞུང་དང་གྲོས་ཚོགས་གཉིས་ཀའི་ངོས་ནས་བོད་དོན་ལ་ཐུགས་སྣང་ཆེན་པོ་ཡོད་པ་མཚོན་ཞེས་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་གསུངས་ཡོད་པ།
AFP

ཨ་མི་རི་ཀས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་སྲུང་སྐྱོབ་ཐད་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་པ་གསལ་སྟོན་དང་འབྲེལ། བོད་རྒྱ་གཉིས་བར་ཆ་རྐྱེན་གང་ཡང་མེད་པར་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་ཨ་རིའི་ངོས་ནས་རྒྱ་ནག་ལ་མུ་མཐུད་དུ་ཞུ་སྐུལ་ནན་པོ་གནང་བཞིན་ཡོད་པ། ཨ་རིའི་གྲོས་ཆོགས་གོང་འོག་གཉིས་ཀྱི་འཐུས་མི་༦༠་ལྷག་གིས་ཉེ་ལམ་ཞུ་སྐུལ་གནང་བར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ལན་འདེབས་ཀྱི་ཕྱག་བྲིས་ནང་ནན་བརྗོད་གནང་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ཆེའི་ལས་རོགས་ལྕམ་(Uzra Zeya)་ལགས་ཉེ་ལམ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་ཡོད་པ་དང་། དེ་སྔོན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Patrick Leahy)་ཡིས་གཙོས་ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་༦༠་ལྷག་ཐུན་མོང་ནས་ཟླ་བ་སྔོན་མའི་ནང་ལྕམ་(Uzra Zeya)་ལ་རེ་སྐུལ་ཞུ་ཡིག་ཅིག་ཕུལ་ཏེ། སྲིད་འཛིན་(Biden)་མཆོག་གིས་དབུ་ཁྲིད་པའི་ཨ་རིའི་གཞུང་དང་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐད་མཉམ་ལས་ཀྱིས། ངེས་པར་དུ་གནང་དགོས་པའི་ལས་དོན་སྐོར་ལ་དོན་ཚན་བཅུ་ཅན་གྱི་ཞུ་སྐུལ་ཡི་གེ་ཞིག་ཕུལ་ཡོད་པ་ལྟར། སྤྱི་ཟླ་དང་པོའི་ཚེས་༥་ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་དཔོན་རིགས་སྐུ་ཞབས་(Naz Durakoglu)་ལགས་ཀྱིས་གྲོས་ཚོགས་འཐུས་མི་སྐུ་ཞབས་(Patrick Leahy)་ལགས་ཀྱི་མཚན་ཐོག་ཏུ་ལན་འདེབས་ཀྱི་ཕྱག་བྲིས་ཤིག་གནང་སྟེ། ཨ་རིའི་གཞུང་གི་ངོས་ནས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་སྲུང་སྐྱོབ་ཐད་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་པ་གསལ་སྟོན་དང་འབྲེལ། བོད་རྒྱ་གཉིས་བར་ཆ་རྐྱེན་གང་ཡང་མེད་པར་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་ཨ་རིའི་ངོས་ནས་རྒྱ་ནག་ལ་མུ་མཐུད་དུ་ཞུ་སྐུལ་ནན་པོ་གནང་བཞིན་ཡོད་པ་ནན་བརྗོད་གནང་འདུག
ད་དུང་ཕྱག་བྲིས་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོ་གང་བྱུང་འཛིན་བཟུང་དམ་དྲག་བྱེད་བཞིན་པ་ཁག་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད། ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཏུ་གནས་སྡོད་བོད་མི་རྣམས་ལ་སོ་ལྟ་དང་སུན་གཙེར་རིགས་བཟོ་རྒྱུ་མཚམས་འཇོག་དགོས་པ་དང་། ཨ་རི་གཞུང་གིས་༢༠༡༨་ལོར་གཏན་འབེབས་གནང་བའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་གྱི་ཁྲིམས་(Reciprocal Access to Tibet Act of 2018)་ཞེས་པ་གཞིར་བཞག་ཐོག་ནས་ཨ་རིའི་མི་སེར་ཡིན་པའི་བོད་མི་དང་། དེ་བཞིན་ཨ་རིའི་གཞུང་ཚབ་མི་སྣ་དང་། ལས་བྱེད། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་བོད་ནང་རང་དབང་ཐོག་ནས་འགྲོ་བཅུག་དགོས་པ་དང་། བོད་མི་རྣམས་ཀྱིས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་རང་དབང་སྤྲོད་དགོས་པས་མ་ཟད། ༧གོང་ས་མཆོག་དང་། བོད་མིའི་ནང་པའི་བླ་སྤྲུལ་རྣམས་ཀྱི་ཡང་སྲིད་ངོས་འཛིན་ཐད་རྒྱ་ནག་གཞུང་གིས་ཐེ་གཏོགས་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་ལ། དེ་བཞིན་ཨ་རིའི་སྲིད་འཛིན་(Joe Biden)་དང་། སྲིད་འཛིན་གཞོན་པ་ལྕམ་(Kamala Harris)་གཉིས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་རོགས་རམ་མུ་མཐུད་དུ་གནང་རྒྱུ་དང་། ལྷག་པར་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཐབས་སླད་བལ་ཡུལ་གཞུང་ལ་མུ་མཐུད་སྐུལ་མ་གནང་རྒྱུ་སོགས་ཀྱི་ཆོད་སེམས་བརྟན་པོ་ཡོད་པར་གསུངས་འདུག

གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎