བོད་པའི་སློབ་གྲྭ་༧༡རྩིས་ལེན་གནང་རྒྱུ།
2013.04.22
༄༅༎རྒྱ་གར་གྱི་སྲིད་བློན་དམ་པ་Pandit Jawaharlal Nehruམཆོག་གིས་བོད་མི་སྐྱབས་བཅོལ་བའི་ཆེད་དུ་དམིགས་བསལ་སློབ་གྲྭ་གསར་འཛུགས་གནང་ནས་ད་ཆ་ལོ་༥༠ལྷག་ཕྱིན་པའི་རྗེས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས། རྒྱ་གར་རྒྱལ་ཡོངས་ཀྱི་ས་ཁུལ་འདྲ་མིན་ཁག་ནང་ཡོད་པའི་བོད་པའི་སློབ་གྲྭ་༧༡ཙམ་ཞིག་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་ལེན་གནང་གི་ཡོད་པ་རེད། རྒྱ་གར་གྱི་གསར་ཤོག་The Times of India ནང་གནས་ཚུལ་བཀོད་པར་གཞིགས་ན། ཟླ་བ་འདིའི་ནང་འགོ་འཛུགས་གནང་བའི་སློབ་གྲྭ་རྩིས་བཞེས་གནང་རྒྱུའི་ལས་དོན་དེར་ཉུང་མཐར་ལོ་གསུམ་འགོར་རྒྱུ་ཡིན་པ་རེད།།