བྷོ་རེ་ཡ་ཐུར་མངའ་སྡེ་ནང་བོད་རིཊ་ཚོགས་པ་ཞིག་གསར་འཛུཊ།
2012.08.25
༄༅༎ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནས་ནང་པ་མང་ཤོས་ཡིན་པ་བྷོ་རེ་ཡ་ཐུར་མངའ་སྡེ་ནང་བོད་རིགས་ཚོགས་པ་གསར་འཛུགས་གནང་ཡོད་འདུག
ཕྱི་ལོ་༢༠༡༢།༨།༢༠་ཉིན། ཆོས་དང་རིག་གཞུང་། ལོ་རྒྱུས་སོགས་ཀྱི་ཐད་ནས་བོད་དང་འབྲེལ་བ་གཏིང་ཟབ་ཡོད་ཅིང༌། ༸གོང་ས་སྐུ་ཕྲེང་༡༣་པའི་མཚན་ཞབས་ངག་དབང་རྡོ་རྗེ་ཡབ་དང་། སྒོ་མང་མཁན་ཟུར་ངག་དབང་ཉི་མ་སོགས་ཀྱི་འཁྲུངས་ཡུལ། བྷོ་རེ་ཡ་ཐུར་མངའ་སྡེ་ནང་བོད་རིགས་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་འདུག
དེ་ཡང་རྒྱལ་ས་མོ་སུ་ཁོར་གནས་བཞུགས་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་་ཕྱི་ལོ་༢༠༠༩་ལོ་ནས་ཐབས་ཤེས་གནང་བ་བརྒྱུད། ཉེ་ལམ་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ས་གནས་དེར་ཕེབས་སྐབས་དང་བསྟུན། ས་གནས་དེར་ངོ་ཡོད་བོད་རིགས་རྒྱས་འཛོམས་ཀྱིས་བོད་རིགས་ཚོགས་པ་དངོས་སུ་གསར་འཛུགས་བྱས་པ་དང༌། གནས་ཡུལ་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཡང་བྱས་ཟིན་ཡོད་འདུག།