བོད་པའི་མཐོ་སློབ་ཀྱི་དབུ་འཛིན་རྣམ་པའི་ལྷན་ཚོགས་གནང་འདུག


2017.05.11
བོད་པའི་མཐོ་སློབ་ཀྱི་དབུ་འཛིན་རྣམ་པའི་ལྷན་ཚོགས་སྐབས། ༢༠༡༧།༥།༡༡ བོད་པའི་མཐོ་སློབ་ཀྱི་དབུ་འཛིན་རྣམ་པའི་ལྷན་ཚོགས་སྐབས། ༢༠༡༧།༥།༡༡
tibet.net

སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་གི་བཀའ་དགོངས་ལྟར་བོད་པ་ཡོངས་རྫོགས་ཤེས་ལྡན་བཟོ་ཐུབ་པ་གནང་རྒྱུའི་ཁས་ལེན་གཏམ་བཤད་གནང་འདུག
དེ་ཡང་འདི་ཚེས་༡༡་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་ཚོགས་ཁང་ནང་བོད་པའི་མཐོ་སློབ་ཀྱི་དབུ་འཛིན་རྣམ་པའི་ལྷན་ཚོགས་ཤིག་དབུ་འབྱེད་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞིག་གི་སྐབས། བོད་པའི་སློབ་ཕྲུག་ཁག་ཅིག་སློབ་གྲྭ་དང་མཐོ་སློབ་ཁུངས་མ་འཁྱོལ་བར་འུ་ཐུག་ནས་བོད་ལ་ཕྱིར་ལོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡོང་བཞིན་པ་དེ་ཚོའི་ཐད་ལྟ་ཞིབ་ནན་པོ་བྱས་ནས་སླད་ཕྱིན་སློབ་ཕྲུག་གི་མི་ཚེའི་མདུན་ལམ་ཐད་དངོས་སུ་ལག་ལེན་དོན་འཁྱོལ་ཐུབ་པའི་ལམ་སྟོན་དང་གོ་སྐབས་འཚོལ་ཐབས་བྱེད་དགོས་པའི་བཀའ་ཕེབས་པ་བཞིན། ༧གོང་ས་མཆོག་གི་བཀའ་དགོངས་འགྲུབ་ཐབས་ཀྱི་འབད་བརྩོན་ལྷོད་མེད་གནང་རྒྱུ་དང་། བོད་པ་ཡོངས་རྫོགས་ཤེས་ལྡན་བཟོ་ཐུབ་པ་གནང་རྒྱུའི་ཁས་ལེན་དང་བཅས་ད་ལྟའི་སྐབས་འདིར་འོས་ཆོས་ཚང་པའི་བོད་པའི་སློབ་ཕྲུག་བརྒྱ་ཆ་༩༠ཐམ་པར་སློབ་ཡོན་རོགས་རམ་ཐོབ་བཞིན་ཡོད་པ་དེ་རིམ་པས་བརྒྱ་ཆ་༡༠༠ལ་གནང་ཐུབ་རྒྱུའི་འབད་བརྩོན་གནང་རྒྱུ་ཁས་ལེན་གནང་པ་དང་། ད་དུང་བོད་མིའི་འཐབ་རྩོད་ཡུན་གནས་ཐུབ་རྒྱུར་བོད་ཕྲུག་ཚོའི་ཤེས་ཡོན་གནས་སྟངས་གོང་འཕེལ་གཏོང་རྒྱུ་དེ་ད་ལྟའི་བཀའ་ཤག་གིས་ལས་དོན་གལ་ཆེ་ཤོས་ཤིག་ལ་རྩིས་གནང་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས། བོད་པའི་སློབ་གྲྭ་དང་མཐོ་སློབ་ཁག་གི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་སློབ་ཁྲིད་གནང་རྒྱུ་དེ་གལ་ཆེ་ཡིན་པ་གསལ་བཏོན་གནང་འདུག
ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་ཀྱང་། བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་རྨང་གཞི་བརྟན་པོ་ཚུགས་ཡག་གལ་ཆེ་ཡིན་པ་དང་། ལྷག་པར་དུ་བོད་ཕྲུག་ཚོའི་སྔོན་འགྲོའི་སློབ་གསོའི་ཐོག་ཤུགས་རྒྱབ་དགོས་པའི་སྐོར་གསུངས་སྟེ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་སྐོར་བོད་པའི་སློབ་གྲྭ་ཁག་གི་གཏན་འབེབས་སློབ་ཚན་གྱི་ཁོངས་སུ་ངེས་པར་འཇུག་དགོས་པའི་སྐོར་ནན་བརྗོད་གནང་འདུག
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་གོང་ཞུས་ཉིན་གཉིས་ཀྱི་ལྷན་ཚོགས་དེའི་སར་གྲོང་ཁྱེར་༡༢ནས་ཕེབས་པའི་ཤེས་ཡོན་འགན་འཛིན་མི་སྣ་དང་ཤེས་ཡོན་སློབ་སྟོན་པ་༢༤མཉམ་ཞུགས་གནང་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎