ཨེ་ཤེ་ཡ་དང་པེསི་ཕིཀ་ལྗང་ཁུའི་ལྷན་ཚོཊ་ཀྱི་ཚོཊ་ཆེན་༢པ།
2010.05.01
༄༅༎བཙན་བྱོལ་བོད་མིའི་ཁོར་ཡུག་ཉམས་ཞིབ་པ་གཉིས་ཨེ་ཤི་ཡ་དང་པིསི་ཕིཀ་ལྗང་ཁུའི་ལྷན་ཚོགས་ཞེས་པའི་ཚོགས་ཆེན་གཉིས་པའི་ནང་མཉམ་ཞུགས་གནང་འདུག
བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་དོན་ལ།ཐའེ་ཝན་གྱི་རྒྱལ་ས་ཐེཔེ་ནང་ཕྱི་ཟླ་བཞི་པའི་ཚེས་༣༠ནས་ལྔ་པའི་ཚེས་གཉིས་དབར་གོང་ཞུས་ཁོར་ཡུག་གི་ཚོགས་ཆེན་ཐོག རྒྱལ་ཁབ་༢༠ནས་སྐུ་ཚབ་༢༠༠ཐམ་པ་ངོ་བཅར་ཡོད་པའི་གྲས་སུ། བཙན་བྱོལ་བོད་གཞུང་ཕྱི་འབྲེལ་ལས་ཁུངས་ཀྱི་ཁོར་ཡུག་དང་འཛུགས་བསྐྲུན་སྡེ་ཚན་གྱི་ཉམས་ཞིབ་པ་བསྟན་འཛིན་ནོར་བུ་དང་། བར་ཚོ་དོན་གྲུབ་སྒྲོལ་མ་ལགས་རྣམ་གཉིས་མཉམ་ཞུགས་གནང་ཡོད་འདུག ཉིན་གཉིས་ཀྱི་ཚོགས་ཆེན་འདི་བཞིན་པིསེ་ཕིག་རྒྱ་མཚོའི་ཁུལ་གྱི་ཡུལ་གྲུ་ཁག་དང་། ཨེ་ཤི་གླིང་ཕྲན་གྱི་ཁོར་ཡུག་དོན་གཉེར་བའི་ལྗང་ཁུ་ཚོགས་པ་ཐོུང་གི་སྤེལ་བའི་ལས་འགུལ་ཞིག་ཡིན་པ་དང་། ཚོགས་འདུའི་ཐོག་གཏམ་བཤད་གནང་མཁན་གཙོ་བ་ ཨོ་སེ་ཀྲོ་ལི་ཡའི་ལྗང་ཁུ་ཚོགས་པའི་ཁྲིམས་བཟོ་བ་ བྭོབ་ བྭ་རའོན་ དང་ ཐུ་ཝ་ལུ་ཡི་སྲིད་བློན་ ཨ་པི་སའི་ ལེལེ་མིའ་ ནཝ་དྷན་ཡ་ ཐེབས་རྩ་ཁང་གི་ཌོཀ་ཌར་ ཝནདྷ་ཎ་ ཤི་ཝ་བཅས་ཡིན་འདུག་ ཝན་དྷ་ཎ་ ཤི་ཝ་ཡིས་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནད་འགག་དང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་འཁྱགས་རོམ་ཞུ་ཚད་ཀྱི་ཉེན་ཁའི་སྐོར་གསུང་བཤད་གནང་ཡོད་འདུག བོད་པའི་སྐུ་ཚབ་ཚོས་ཀྱང་ས་མཐོའི་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་ཞིང་འབྲོག་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་གནང་འདུག།