བོད་པའི་ཆབ་སྲིད་བཙོན་ཟུར་ཞིག་གིས་ཁོང་གི་མྱོང་ཚོར་ངོ་སྤྲོད།

ངག་དབང་སངས་སྒྲོལ་ལགས་ཀྱིས་ཁོང་བཙོན་ཁང་ནང་བཅུག་པའི་བརྒྱུད་རིམ་དང་བཙོན་ཁང་ནང་མྱང་བའི་དཀའ་སྡུག་སོགས་ངོ་སྤྲོད་གནང་བ།

2011.03.16

༄༅༎དེང་སྐབས་འཛམ་གླིང་འདིའི་ནང་དེང་དུས་ཀྱི་ཚན་རིག་ལག་རྩལ་ལོ་རེ་བཞིན་ཡག་དུ་འགྲོ་བཞིན་པ་དེས་མི་རྣམས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་དང་མཐོང་ཐོས་སོགས་དྲ་རྒྱ་བརྒྱུད་ཀྲུ་ལྦི་ཀྲར་(Twitter)དང་ངོ་དེབ་(Facebook)སོགས་ནང་བཀོད་ནས་ཚང་མས་མཉམ་སྤྱོད་དང་ཤེས་རྟོགས་ཐུབ་པ་ཞིག་ཡོང་གི་ཡོད་ཅིང་ བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་སངས་སྒྲོལ་ལགས་དང་ཁོང་གི་བཙོན་རོགས་ཚོས་གཞས་ཚིག་བརྩམས་ནས་གཞས་ཀྱི་རྣམ་པའི་ཐོག་ནས་བཙོན་ཁང་ནང་གི་གནས་སྟངས་དང་ ཁོང་ཚོའི་བསམ་ཚུལ་དང་སྙིང་སྟོབས་སོགས་འཁྲེབ་ཐག་ནང་བཅུག་ནས་ཕྱིར་རྒྱུད་བསྒྲགས་ཐུབ་ཐབས་བྱས་ཡོད་པ་བཞིན་གཟའ་འཁོར་སྔོན་མ་ཨ་རིའི་གྲོང་ཁྱེར་སན་ཕན་སེ་སེ་ཁོའོ་ནང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གསུམ་ཅུའི་དུས་དྲན་ཐེངས་ལྔ་ཅུ་ང་གཉིས་པའི་སྔ་ནུབ་དུ་སྤེལ་བའི་དྲན་གསོའི་འདུ་འཛོམས་ཤིག་གི་ཐོག་ངག་དབང་སངས་སྒྲོལ་ལགས་ཀྱིས་ཁོང་བཙོན་ཁང་ནང་བཅུག་པའི་བརྒྱུད་རིམ་དང་བཙོན་ཁང་ནང་མྱང་བའི་དཀའ་སྡུག་སོགས་ངོ་སྤྲོད་གནང་ཡོད་ཅིང་ དེའི་སྐབས་མི་མང་པོས་ཁོང་ལྟ་བུའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་དྲ་རྒྱ་བརྒྱུད་ནས་རང་ཉིད་ཀྱི་ལོ་རྒྱུས་དང་མྱོང་ཚོར་བརྗོད་ཚེ་མི་དེ་བས་མང་བས་བོད་ཀྱི་གནས་ཚུལ་ཤེས་རྟོག་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པའི་དགོངས་ཚུལ་གསུང་ཡོད་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎