ས་ཡོམ་གྱི་གནོད་འཚེ་ཕོག་མི་མང་པོ་ད་དུང་རས་གུར་ནང་བསྡད་འདུག


2015.01.06
དར་རྩེ་མདོའི་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ། ༢༠༡༤ དར་རྩེ་མདོའི་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ། ༢༠༡༤
བོད་འབྱོར།

དར་རྩེ་མདོའི་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་ལ་མི་མང་པོ་ད་དུང་ཡང་གྲང་ངར་ཆེ་བའི་གནམ་གཤིས་ཁྲོད་རས་གུར་ནང་བསྡད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༤ལོའི་ཕྱི་ཟླ་༡༡པའི་ཚེས་༢༢ཉིན་གྱི་དགོང་མོར་དཀར་མཛེས་ཁུལ་དར་རྩེ་མདོར་ས་ཡོམ་ཤུགས་ཚད་རིམ་པ་༦དང་གྲངས་ཆུང་༣བྱས་པ་ཞིབ་བརྒྱབ་ཏེ་མ་མཐར་ཡང་མི་༥རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་མི་ཉུང་བ་ཞིག་ལ་ཚབས་ཆེ་ཆུང་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ཁང་པ་ལོག་པ་སོགས་ཀྱི་གནོད་འཚེ་ཆེ་ཆུང་མི་འདྲ་བ་ཕོག་ཡོད་པ་རེད།
གནོད་འཚེ་ཕོག་པའི་གནད་དོན་དེ་དང་འབྲེལ་བའི་སྐོར་ལ་ད་ལྟ་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུ་གྲོང་ཁྱེར་ནང་བཞུགས་མཁན་དང་། ཉེ་ཆར་དར་རྩེ་མདོར་ས་ཡོམ་གྱི་གནོད་འཚེ་ཕོག་སར་ཟ་བཅའ་སོགས་རོགས་རམ་གནང་མཁན་གྲས་མིང་ཕྱིར་འདོན་གནང་མེད་པའི་བོད་པའི་བོུད་ཅིག་གིས་བརྗོད་དོན། དར་རྩེ་མདོ་གྲོང་ཚོའི་ཕྱི་ཕྱོགས་སུ་ཁང་པ་སོགས་ཀྱི་གནོད་འཚེ་ཕོག་པའི་བོད་པ་དང་། རྒྱ་མི་མང་པོ་ཞིག་ད་དུང་ཡང་གྲང་ངར་ཆེ་བའི་གནམ་གཤིས་འདིའི་ནང་རས་གུར་ནང་བསྡད་ཡོད་ལུགས་དང་། དེའི་ཁུལ་དུ་རྒྱ་མིའི་དམག་མི་མང་པོ་ཡོད་པ་དང་གང་བྱུང་གིས་འདྲ་པར་སོགས་རྒྱབ་མི་ཆོག་པ་དེ་བཞིན་ཁོང་ཚོར་ཅ་དངོས་མང་པོ་སྤྲད་ཡོད་ལུགས་སོགས་ངོ་སྤྲོད་བྱས་འདུག

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎