རྡ་སར་བོད་ཀྱི་མཛངས་མའི་འགྲན་བསྡུར།

བཞུགས་སྒར་དུ་བོད་ཀྱི་མཛངས་མ་འོས་འདེམས་ཀྱི་བྱེད་སྒོ་འགོ་བཙུགས་པ་ནས་འདི་ལོ་མི་ལོ་བཅུ་འཁོར་ཞིང་འདི་ལོ་འགྲན་བསྡུར་བ་༦ཡོད་པ།

2011.05.27

༄༅༎བཞུགས་སྒར་དུ་བོད་ཀྱི་མཛངས་མ་འོས་འདེམས་ཀྱི་བྱེད་སྒོ་དེ་༢༠༠༢ ལོར་ཐོག་མར་འགོ་བཙུགས་པ་ནས་འདི་ལོ་མི་ལོ་བཅུ་འཁོར་ཞིང་་འདི་ལོའི་འགྲན་བསྡུར་ནང་བེུད་དྲུག་མཉམ་ཞུགས་བྱེད་མཁན་བྱུང་བའི་ནང་ནས། རྒྱ་གར་ནས་བོུ་གསུམ་དང༌། ཨ་མི་རི་ཀ།  ཨོ་སི་ཀྲོ་ལི་ཡ། སུད་ཛ་ལན་ཊེ་ནས་རེ་རེ་བཅས་ཡིན་པ་རེད།

དེ་རིང་མཛངས་མ་འགྲན་བསྡུར་གོ་སྒྲིག་གནང་མཁན་བློ་བཟང་དབང་རྒྱལ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོ་ནི་བོད་ཀྱི་རྔ་པ་ཁུལ་དུ་རྒྱ་ནག་གཞུང་གིས་དམ་བསྒྲཌ་འོག་གནས་བཞིན་པའི་ཛ་དྲག་གི་གནས་སྟངས་ཡོད་མུས་ལ། མཛངས་མ་འགྲན་བསྡུར་སྐབས་གྱོན་ཆས་འདྲ་མིན་དང༌། རྩེད་རིགས་འདྲ་མིན། ཤོག་སྦག་སྤར་བ་སོགས་བྱེད་སྒོ་སྤེལ་རྒྱུ་ཡག་པོ་མེད་པའི་བསམ་ཚུལ་བཅངས་མཁན་ཡོད་སྲིད་ཀྱང༌། འདི་ལོ་བོད་ཀྱི་མཛངས་མའི་འགྲན་བསྡུར་མུ་མཐུད་གོ་སྒྲིག་བྱེད་དགོས་དོན་ནི། བོད་ནང་གི་དཀའ་སྡུག་བརྗེད་པ་མིན་ལ། འདི་ལོ་ནི་དམིགས་བསལ་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་འགོ་བཙུགས་ནས་མི་ལོ་བཅུ་འཁོར་བ་ཞིག་ཡིན་སྟབས། མུ་མཐུད་ནས་གོ་སྒྲིག་བྱས་ཏེ། བོད་ཀྱི་མཛངས་མའི་འགྲན་བསྡུར་འདི་ལ་འཛམ་གླིང་གང་ས་ནས་གསར་འགོད་པ་ཡོང་གི་ཡོད་པའི་གོ་སྐབས་བཟུང་སྟེ། བོད་ཀྱི་རྩ་དོན་གོ་རྟོགས་སྤེལ་རྒྱུར་འབད་བརྩོན་བྱ་རྒྱུའི་དམིགས་ཡུལ་ཡོད་ཅེས་དང༌། བེུད་དྲུག་པོ་དེར་དེ་རིང་ནས་ཉིན་བདུན་རིང་བཙན་བྱོལ་གི་ལས་ཁུངས་ཁག་དང༌། སློབ་གྲ་ཁག་ལ་ལྟ་སྐོར་དུ་ཁྲིད་རྒྱུ་དང༌། ལུས་སྦྱོང༌། ལུས་རྩེད། ཞབས་བྲོ་འཁྲབ་སྟངས་སོགས་ཟབ་སྦྱོང་སྤྲོད་རྒྱུ་ཡིན་པ་དང༌། ཕྱི་ཟླ་དྲུག་པའི་ཚེས་༣ ཉིན་ཆུ་རྐྱལ་འགྲན་བསྡུར་དང༌། ཚེས་༤ ཉིན་གཏམ་བཤད་དང་ཁྱད་ཆོས་བཏོན་རྒྱུ། ཕྱི་ཚེས་༥ ཉིན་མཐའ་མ་དེར་ཆས་གོས་འདྲ་མིན་འགྲན་བསྡུར་དང་བོད་མིའི་ཐོུང་མ་ཡིན་པའི་གྱོན་ཆས་འགྲན་བསྡུར། འདྲི་བ་འདྲི་ལན་བྱས་པ་བརྒྱུད་༢༠༡༡ ལོའི་མཛངས་མ་འདེམས་རྒྱུ་ཡིན་པ་གསུང་ཡོད་པ་རེད། མཐར་མཛངས་མའི་རྒྱལ་ཁ་ཐོབ་མཁན་དེར་ཧིན་སྒོར་འབུམ་གཅིག་དང༌། ཨང་གཉིས་པར་ཧིན་སྒོར་ཁྲི་ལྔ། ཨང་གསུམ་པ་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་སྤྲོད་རྒྱུ་ཡིན་ཞིང༌། ༢༠༠༢ ནས་མཛངས་མའི་འགྲན་བསྡུར་འགོ་བཙུགས་པ་ནས་ད་བར་མི་ལོ་བཅུའི་ནང་འཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་བོུ་༣༢ བྱུང་བ་དང་དེའི་ནང་ནས་མཛངས་མ་ལྔ་ཡིས་རྒྱལ་སྤྱིའི་མཛངས་མའི་འགྲན་བསྡུར་ཁག་བདུན་ནང་མཉམ་ཞུགས་བྱེད་ཐུབ་པ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎