བོད་ནང་གི་ཁྱག་རོམ་གྱི་ཞུར་ཚད་མགྱོགས་སུ་ཕྱིན་པའི་དཀའ་ངལ།

བོད་ནང་གི་ཁྱག་རོམ་གྱི་ཞུར་ཚད་མགྱོགས་སུ་ཕྱིན་ནས་ཕྱི་ལོ་༢༠༥༠ཙམ་དུ་ཨེ་ཤེ་ཡའི་མངའ་ཁུལ་དུ་མཐུང་ཆུའི་དཀའ་ངལ་ཤུགས་ཆེ་འཕྲད་རྒྱུ།

2009.01.17

༄༅༎སའི་གོ་ལའི་གནམ་གཤིས་ཚ་དྲོད་ཆེ་རུ་ཕྱིན་པའི་རྐྱེན་གྱིས་ཉེ་བའི་ནང་བོད་ནང་གི་ཁྱག་རོམ་གྱི་ཞུར་ཚད་མགྱོགས་སུ་ཕྱིན་ནས་ཕྱི་ལོ་ཉིས་སྟོང་ལྔ་ཅུ་ལོ་ཙམ་དུ་སླེབས་པའི་སྐབས་ཨེ་ཤེ་ཡའི་མངའ་ཁུལ་དུ་མཐུང་ཆུའི་དཀའ་ངལ་ཤུགས་ཆེ་འཕྲད་རྒྱུ་ཡིན་པ་ཚན་རིག་མཁས་པ་ཚོས་སྔོན་དཔག་གནང་གི་ཡོད་འདུག

དེ་སྔོན་བོད་ནང་དགུན་དུས་གངས་བབ་པའི་སྐབས་གངས་དེ་ཚོ་ཁྱག་རོམ་ལ་གྱུར་ནས་ལོ་རེ་བཞིན་ཁྱག་རོམ་གྱི་ཞི་རྒྱ་ཆེ་རུ་འགྲོ་གི་ཡོད་པ་དང་དབྱར་དུས་སུ་སླེབས་པའི་སྐབས་ཁྱག་རོམ་ཁག་ཅིག་ཞུར་ནས་བོད་དང་རྒྱ་ནག་དེ་བཞིན་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་རྒྱུག་བཞིན་པའི་གཙང་ཆུ་དེ་ཚོའི་ཆུ་རྒྱས་ནས་ཨེ་ཤེ་ཡ་ཁུལ་དུ་གནས་པའི་མི་གྲངས་ཐེར་འབུམ་གཉིས་ལྷག་གི་འཐུང་ཆུ་གཙོ་བོ་དེ་ཆགས་ཀྱི་ཡོད་ཅིང་ཡིན་ནའང་ཉེ་བའི་ལོ་ཤས་ནང་སའི་གོ་ལའི་གནམ་གཤིས་ཚ་དྲོད་ཆེ་རུ་ཕྱིན་པའི་རྐྱེན་གྱིས་བོད་ཁུལ་གྱི་ཁྱག་རོམ་གྱི་ཞུར་ཚད་འཛམ་གླིང་ས་ཆ་གཞན་ནས་ལྡབ་གཉིས་ཙམ་གྱི་མགྱོགས་པ་ཡོད་པ་དང་བོད་ནང་གི་ཁྱག་རོམ་གྱི་ཞུར་ཚད་ད་ལྟའི་གནས་སྟངས་ཐོག་མུ་མཐུད་བསྐྱོད་ཚེ་ཕྱི་ལོ་ཉིས་སྟོང་ལྔ་ཅུ་ཙམ་དུ་སླེབས་དུས་བོད་ནང་གི་ཁྱག་རོམ་གྱི་རྒྱ་ཆ་གསུམ་ཙམ་ཞུར་ཟིན་ཏེ་དེས་རྐྱེན་པས་མ་འོངས་ལོ་ངོ་བཅུ་གྲངས་ནང་བོད་ཚུད་པའི་རྒྱ་ནག་དང་དེ་མིན་གྱི་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་འཐུང་ཆུ་དཀོན་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཨ་རིའི་ཨོ་ཧ་ཡོ་མངའ་སྡེའི་སློབ་གྲྭ་ཆེན་མོའི་ས་ཁམས་ཚན་རིག་ཉམས་ཞིབ་པ་ལི་ནི་ཐོམ་སེན་གྱིས་འགྲེལ་བརྗོད་གནང་འདུག དེ་བཞིན་ཨ་རིའི་ཁོ་ལོམ་སྦི་ཡ་མཐོ་སློབ་ཁང་གི་བོད་གནས་ཉམས་ཞིབ་པ་སྐུ་ཞབས་རོ་སྦ་ཏེ་སྦར་ན་ཏེ་ནས་འཐུང་ཆུ་དཀོན་པའི་གནས་སྟངས་དེ་ཛ་དྲག་གི་དུས་སུ་སླེབས་ཚེ་དེས་ཨེ་ཤེ་ཡའི་མངའ་ཁུལ་ནང་དམག་འཁྲུག་གི་ཉེན་ཚབས་ཡོང་སྲིད་པའི་ཉེན་བརྡ་བཏང་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎