བོད་མི་སློབ་ཕྲུག་རྩེ་ཕུད་ཁག་ཅིག་ལ་གཟེངས་བསྟོད་བྱ་དགའ།

བོད་པའི་སློབ་གྲྭ་ཁག་ནས་རྩེ་ཕུད་སློབ་ཕྲུག་ཁག་ཅིག་ལ་འདི་ལོའི་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་དེ་གནང་ཡོད་པ་རེད།

2009.09.10

༄༅༎བཙན་བྱོལ་བོད་གཞུང་གི་ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ཡོངས་ནང་བོད་པའི་སློབ་གྲྭ་ཁག་ནས་རྩེ་ཕུད་སློབ་ཕྲུག་ཁག་ཅིག་ལ་འདི་ལོའི་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་དེ་གནང་ཡོད་པ་རེད།

བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་མི་ལོ་༣༦༠འཁོར་བའི་དུས་ཆེན་སྲུང་བརྩི་སྲོལ་གཏོད་ཀྱིས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་ནང་ཚན་རིག་དང་སྒྱུ་རྩལ་ ཚོང་རིག་བཅས་སློབ་ཚན་སྡེ་ཚན་ཁག་སོ་སོའི་ནང་ཤེས་ཡོན་ཐད་གྲུབ་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་ཚོར་ལོ་ལྟར་དགའ་ལྡན་ཕོ་བྲང་གཟེངས་རྟགས་ཞེས་བྱ་དགའ་གནང་སྲོལ་ཡོད་པ་རེད། འདི་ལོའི་བྱ་དགའ་ཐེངས་བརྒྱད་པ་དེ་ཉེ་སྔོན་བཞུགས་སྒར་རྡ་རམ་ས་ལར་དམངས་གཙོའི་དུས་ཆེན་སྲུང་བརྩི་ཞུ་བའི་མཛད་སྒོ་དང་སྟབས་བསྟུན་བཀའ་བློན་ཁྲི་པ་མཆོག་ནས་གསོལ་བསྩལ་གནང་ཡོད་པ་རེད། སྐབས་འདིའི་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་པའི་བྱ་དགའི་ལེགས་སྐྱེས་སུ་ཕྱག་འཁྱེར་དང་ཧིན་སྒོར་ལྔ་སྟོང་ དཔེ་དེབ་ཁག་ཅིག་བཅས་གསོལ་སྩལ་གནང་ཡོད་པ་དང་སློབ་ཚན་གྱི་སྡེ་ཚན་ཁག་ནས་རྩེ་ཕུད་སློབ་ཕྲུག་གི་བྱ་དགའ་བཞེས་མཁན་སློབ་མ་རྣམས་ནི་ཚན་རིག་སྡེ་ཚན་ཁོངས་ནས་རྡ་སྟེང་བོད་ཁྱིམ་གྱི་སློབ་མ་དང་ད་ལྟ་ཇཱ་པལ་པུར་ཨེན་ཇི་ནི་རིང་མཐོ་རིམ་སློབ་གྲྭར་སློབ་གཉེར་གནང་བཞིན་པ་རྡོ་རྗེ་རྒྱལ་མཚན་ལགས་དང་སྒྱུ་རྩལ་སྡེ་ཚན་ཁོངས་ནས་ཀ་ལིམ་པོང་གཏན་སློབ་ཀྱི་སློབ་མ་དང་ད་ལྟ་རྒྱ་གར་གྱི་ལྡི་ལི་མཐོ་རིམ་སློབ་གྲྭའི་ནང་སློབ་གཉེར་གནང་བཞིན་པ་སངས་རྒྱས་ཆོས་སྒྲོན་ལགས་དང་དེ་ནས་ཚན་རིག་སྡེ་ཚན་ཁོངས་ནས་སྦེ་ལ་ཀུ་པེ་བོད་ཁྱིམ་གྱི་སློབ་མ་དང་ད་ལྟ་ཆེ་ནའེ་གྲོང་ཁྱེར་རུ་མཐོ་རིམ་སློབ་གཉེར་གནང་བཞིན་པ་སྐལ་བཟང་བདེ་སྐྱིད་ལགས་བཅས་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎