བོད་མི་ཚོས་མགོ་མང་གྲོང་བརྡལ་གྱི་ནང་ཁོར་ཡུག་གཙང་བཟོ་འགོ་བཙུགས་ཡོད་པ།


2017.08.19
བོད་མི་ཚོས་མགོ་མང་གྲོང་བརྡལ་གྱི་ནང་ཁོར་ཡུག་གཙང་བཟོ་འགོ་བཙུགས་ཡོད་པ། ལོ་སྔ་མ་མཚོ་སྔོན་པོའི་ཉེ་འཁོར་གྱི་རྫོང་ཁག་བཞིའི་དངས་བླངས་མི་སྣ་བཞི་བཅུ་ལྷག་གིས་མཚོ་སྔོན་པོའི་མཐའི་ཁོར་ཡུག་གཙང་བཟོ་བྱས་སྐབས་ཀྱི་འདྲ་པར། ༢༠༡༦།
བོད་འབྱོར།

༄༅། །རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་དུ་དབྱེ་བའི་བོད་མདོ་སྨད་མཚོ་ལྷོ་མགོ་མང་གྲོང་བརྡལ་གྱི་ཁོངས་རྨ་བཞིའི་སྡེ་བ་དགུའི་སྡེ་མི་མང་ཚོགས་ཀྱིས་དངས་བླངས་ཀྱི་ཐོག་ནས་དེ་རིང་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་མགོ་མང་གྲོང་བརྡལ་གྱི་ནང་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་འགོ་འཛུགས་བྱས་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། སྔར་དང་མི་འདྲ་བར་ས་གནས་དེའི་མི་དམངས་སྤྱི་དང་ལྷག་པར་དུ་གཞོན་སྐྱེས་ཁྲོད་ཁོར་ཡུག་གཙང་བཟོའི་ཆེད་དམིགས་བསལ་ཚོགས་པ་བཙུགས་ཏེ། ས་གནས་ཀྱི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་རྗེས་གད་སྙིགས་གཙང་བཟོ་བྱེད་བཞིན་ཡོད་འདུག་པར་མ་ཟད། དགུན་དུས་གཞུང་ལམ་དུ་གངས་ཆགས་པ་དང་འཁྱགས་པ་མེད་པ་བཟོས་བ་སོགས་ཀྱི་ལས་འགུལ་སྣ་ཚོགས་ཞིག་སྤེལ་བཞིན་ཡོད་འདུག
ཡང་ཁོར་ཡུག་གཙང་བཟོའི་ལས་དོན་སྤེལ་མཁན་གྱི་འགོ་ཁྲིད་མི་སྣ་ཞིག་གིས་བརྗོད་པར་གཞིགས་ན། ས་གནས་ནང་རྒྱ་མིའི་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་མཚམས་འཇོག་ཡོང་ཐབས་བྱེད་དགོས་པར་མ་ཟད། མི་དམངས་མཉམ་ཞུགས་ཀྱི་ཁོར་ཡུག་གཙང་བཟོའི་ལས་དོན་འདིའི་ཐོག་ནས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ལན་འདེབས་བྱེད་དགོས་པ་བརྗོད་འདུག།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎