བོད་ནས་བྱིས་བ་རྐུ་མཁན་རྒྱ་མི་ཁ་ཤས་བོད་མིས་འཇུ་བཟུང་བྱས་བ།


2015.08.18
ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ནས་བྱིས་པ་རྐུ་མཁན་རྒྱ་མི་དྲུག་འཛིན་བཟུང་བྱས་སྐབས། ༢༠༡༥།༨།༡༧ ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ནས་བྱིས་པ་རྐུ་མཁན་རྒྱ་མི་དྲུག་འཛིན་བཟུང་བྱས་སྐབས། ༢༠༡༥།༨།༡༧
བོད་འབྱོར།

ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ནས་བྱིས་པ་རྐུ་མཁན་རྒྱ་མི་དྲུག་འཛིན་བཟུང་བྱས་ཏེ་བྱིས་པ་འགའ་ཤས་ཚུར་ལེན་ཐུབ་པ་བྱུང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་བརྒྱད་པའི་ཚེས་༡༧ཉིན་བོད་ལྗོངས་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་། གྲ་ཕྱི་ཡུ་ཤོག་ཁྱི་དགུ་ཁྲོད་གྲོང་ཚོའི་མི་དམངས་ཀྱིས་ཕྲུ་གུ་རྐུ་འཁྱེར་བྱེད་མཁན་རྒྱ་མི་དྲུག་འཛིན་བཟུང་བྱས་ཡོད་པ་དང་། ཕྲུ་གུ་རྐུ་འཁྱེར་བྱེད་མཁན་རྒྱ་མི་ཁྱོ་ག་ལྔ་དང་བེུད་༣ཡོད་པའི་ནང་ནས་དྲུག་འཛིན་བཟུང་ཐུབ་པ་ལས་དེ་མིན་གཉིས་བྲོས་ཕྱིན་ཡོད་པ་རེད།
གནས་ཚུལ་དེའི་སྐོར་ངོ་སྤྲོད་བྱས་པར་གཞིགས་ན། ཕྲུ་གུ་རྐུ་འཁྱེར་བྱེད་མཁན་དེ་ཚོ་ནི་ཡུལ་སྐོར་སྤྲོ་འཆམ་ལ་ཁ་གཡར་ཏེ་བོད་ནང་དུ་ཡོང་བའི་རྒྱ་མི་ཤ་སྟག་ཡིན་པ་དང་། ཁོང་ཚོས་ཕྱིར་རྒྱ་ནག་ལ་ལོག་རྩིས་བྱས་ནས་འགྲུལ་སྐྱེལ་རླངས་འཁོར་འབྲིང་བ་ཞིག་གི་སྒེའུ་ཁུང་ཚང་མར་འགྱིག་ཤོག་ནག་པོ་སྦྱར་ཏེ་མོ་ཊའི་ནང་ལོག་མཐོང་མི་ཐུབ་པ་བཟོས་ཡོད་པ་རེད། ས་གནས་བོད་མི་ཚོས་ཁོང་ཚོ་འཛིན་བཟུང་བྱས་ཏེ་རྐུ་འཁྱེར་བྱས་པའི་ཕྲུ་གུ་འགའ་ཤས་སྐྱོབ་ཐུབ་ཡོད་པ་མ་ཟད། ཕྲུ་གུ་རྐུ་འཁྱེར་བྱེད་མཁན་ཉེས་ཅན་པ་རྣམས་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་པ་རེད།
སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་མང་པོ་ཞིག་གི་ནང་། དེང་སྐབས་བོད་ནང་ཕྲུ་གུ་རྐུ་འཁྱེར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལུགས་དང་། ཚང་མས་ངེས་པར་དུ་དོ་འཁུར་ཆེར་བསྐྱེད་བྱེད་དགོས་པའི་ཁར་དམིགས་བསལ་དུས་རྒྱུན་ཡུལ་སྐོར་སྤྲོ་འཆམ་པ་ཡིན་ཁུལ་བྱེད་མཁན་དང་ཁྲོམ་ཁུལ་གྱི་སློང་མོ་རྒྱག་མཁན་། དེ་བཞིན་ཉམ་ཆུང་དུ་རྫུས་པའི་མི་དེ་རིགས་ལ་ངེས་པར་དུ་ཡིད་གཟབ་བྱ་དགོས་རྒྱུ་གལ་ཆེན་པོའི་སྐོར་གླེང་བཞིན་ཡོད་པ་རེད།    

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎