༸གོང་ས་མཆོག་ནས་ཨ་རིའི་སྲིད་འཛིན་གསར་པར་འཚམས་འདྲི།

༸གོང་ས་མཆོག་ནས་སྐུ་ཞབས་ཨོ་སྦ་མ་མཆོག་ལ་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་ཕྱག་བྲིས་ཕུལ་གནང་མཛད་བཞག

2008.11.06

༄༅༎ཨ་མི་རི་ཀའི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མོ་སྦ་རཀ་ཨོ་སྦ་མ་མཆོག་སྲིད་འཛིན་དུ་འོས་འདེམས་བྱུང་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་བཅས་ཀྱིས་འཚམས་འདྲི་བཀྲིས་བདེ་ལེགས་ཀྱི་ཕྱག་བྲིས་རེ་ཕུལ་གནང་མཛད་བཞག

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ནང་སྐུ་ཉིད་ཨ་རིའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བ་དེ་ནི་ཨ་མི་རི་ཀའི་མི་མང་ཚོས་དགའ་སྤོབས་དང་དགའ་སྟོན་བྱེད་འོས་པའི་དུས་ཤིག་རེད་ལ་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་བྱ་རིམ་དེ་ནི་མང་གཙོ་དང་རང་དབང།གོ་སྐབས་འདྲ་མཉམ་བཅས་ལ་ཡིད་ཆེས་གནང་མཁན་རྒྱལ་སྤྱིའི་མི་མང་ཡོངས་ལ་སེམས་བསྐུལ་གྱི་གཞི་རྩ་རླབས་ཆེན་ཞིག་ཆགས་ཡོད་སྐོར་བཀོད་གནང་བཞག དེ་བཞིན་༸གོང་ས་མཆོག་གི་ཕྱག་བྲིས་དེའི་ནང་སྐུ་ཉིད་མ་འོངས་ཨ་རིའི་སྲིད་འཛིན་གྱི་མཚན་གནས་ཐོག་ནས་དཀའ་ངལ་ཆེན་པོས་གདོང་ལེན་གནང་དགོས་པའི་ལས་དོན་མང་པོ་ཞིག་འཕྲད་ངེས་ཡིན་ཡང་དེ་དང་ཆབས་ཅིག་འགྲོ་བ་མིའི་གཞི་རྩའི་དགོས་མཁོ་འཐབ་རྩོད་བྱེད་མཁན་མི་མང་ས་ཡ་མང་པོའི་འཚོ་བར་འཕོ་འགྱུར་གཏོང་རྒྱུའི་གོ་སྐབས་ཡང་མང་པོ་ཞིག་ཀྱང་ཐོབ་རྒྱུ་ཡིན་སྟབས་སྐུ་ཉིད་ཀྱིས་མི་མང་དེ་ཚོའི་ཆེད་དུ་ཕྱག་ལས་ངེས་པར་གནང་དགོས་སྐོར་གསུང་བཞག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་ཨོ་སྦ་མ་ལ་ཕུལ་བའི་ཕྱག་བྲིས་དེའི་ནང་ཁོང་གི་ཆོད་སེམས་དང་སྙོང་སྟོབ་ལ་བསྔགས་བརྗོད་ཞུས་ཐོག་ཁོང་ཨ་རིའི་སྲིད་འཛིན་བཞི་ཅུ་ཞེ་བཞི་པར་འོས་འདེམས་བྱུང་བར་འཚམས་འདྲི་བཀྲིས་བདེ་ལེགས་དང་ཐུགས་སྨོན་ཞུ་གི་ཡོད་ཅེས་བཀོད་གནང་བཞག ཡང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་ཀྱིས་ཨོ་སྦ་མ་མཆོག་ལ་ཕུལ་བའི་ཕྱག་བྲིས་ནང་སྐུ་ཉིད་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་ཁ་བྱུང་བ་དེར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་སྐུ་ཉིད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ཅེས་གསུང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎