རྔ་པ་ཁུལ་དུ་རིག་འཛིན་རྡོ་རྗེ་ཞུ་བས་རང་ལུས་མེར་སྲེག་བཏང་བ།

མདོ་སྨད་རྔ་པ་ཁུལ་དུ་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་དེ་མཚན་ལ་རིག་འཛིན་རྡོ་རྗེ་ཞུ་ཡི་ཡོད་པའི་ངོ་རྟགས་ཆོད་འདུག

2012.02.09

༄༅༎ཁ་ས་ཚེས་༨ཉིན་མདོ་སྨད་རྔ་པ་ཁུལ་དུ་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་དེ་མཚན་ལ་རིག་འཛིན་རྡོ་རྗེ་ཞུ་ཡི་ཡོད་པའི་ངོ་རྟགས་ཆོད་འདུག
ཕྱི་ཟླ་ ༢ ཚེས་ ༨ ཉིན་ ལྷ་དཀར་གྱི་ཉིན་མོར་བོད་མདོ་སྨད་རྔ་པ་རྗོངས་ཀྱི་སློབ་ཆུང་གཉིས་པ་ཡོད་སའི་གཞུང་ལམ་ཐོག་ དགོང་དྲོའི་ཚོུད་༦དང་ཕྱེད་ཀ་ཙམ་ལ་ བོད་མི་ཞིག་གིས་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་གནས་ཚུལ་ར་སྤྲོད་བྱུང་ཀྱང་ བོད་མི་དེའི་མཚན་དང་གྲོང་སྡེ་ཁྱིམ་ཚང་སོགས་ཀྱི་གནས་ཚུལ་གསལ་རྟོགས་བྱུང་མེད་པ་རེད་ དེ་རིང་ཚེས་༩ཉིན་བཞུགས་སྒར་རྡ་རམ་ས་ལའི་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡི་ཤེས་ལགས་དང་ ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་གསལ་ལྟར་ན་ རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་དེ་ རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་མགར་བའི་བརྩོན་ཁོ་ཚང་གི་བུ་རང་ལོ་༡༩སོན་པ་ རིག་འཛིན་རྡོ་རྗེ་འམ་རྒྱུན་དུ་རིག་པེ་ཞུ་བ་ཡིན་པའི་སྐོར་ངོ་རྟགས་ར་སྤྲོད་གནང་བཞག བུ་འཛིན་རྡོ་རྗེ་ལགས་ཀྱི་པ་ལགས་ཀྱི་མཚན་བརྩོན་ཁོ་ཞུ་བ་དང་ ཨ་མ་ལགས་ཀྱི་མཚན་དུང་དཀར་ཞུ་ཡི་ཡོད་འདུག་ཚེས་༨ཉིན་ ཁོང་གིས་རང་ལུས་མེར་བསྲེག་བཏང་རྗེས་ རྒྱ་གཞུང་གི་ས་གནས་ཉེན་རྟོག་པ་དང་ དམག་མིས་ཁོང་ བཙན་ཁྲིད་བྱས་ཏེ་སྐབས་ཐོག་དེར་ རྔ་པའི་སྨན་ཁང་དུ་ཁྱེར་བ་དང་ རྗེས་སུ་འབར་ཁམས་སུ་ཁྱེར་འདུག་ལ་ ཕྱི་ཚེས་ ༨ བར་གྱི་གནས་ཚུལ་ནང་ ཁོང་འདས་གསོན་གྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མེད་པ་རེད་ གནས་ཚུལ་ནང་གསལ་ལྟར་ན་ རིག་འཛིན་རྡོ་རྗེ་ལགས་དེ་སྔོན་ཆུང་དུས་སྐབས་ རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཤིང་ ཕྱི་ལོ་ ༢༠༡༠ ལོར་སྐྱ་སར་བབས་ནས་ དེང་སྐབས་འབྲོག་སར་ཕ་མའི་མཉམ་དུ་བསྡད་ཡོད་ཅིང༌ ཁོང་གི་ཕ་གཅིག་པའི་སྤུན་ཆེད་རབ་བརྟན་ཞུ་བ་ཞིག་ ཕྱི་ལོ་ ༢༠༡༡ ལོར་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བ་དང་དེང་སྐབས་ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་བྱེད་མུས་ཡིན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎