རྒྱ་གར་དང་བལ་ཡུལ་ནང་བོད་སྨན་དར་ཁྱབ་ཆེ་རུ་འགྲོ་བ།

དེང་སྐབས་བོད་སྨན་དེ་བཞིན་རྒྱ་གར་དང་བལ་ཡུལ་གྱི་གྲོང་ཁྱེར་ཁག་ནང་དར་འཕེལ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

2009.04.13

༄༅༎དེང་སྐབས་བོད་སྨན་དེ་བཞིན་རྒྱ་གར་དང་བལ་ཡུལ་གྱི་གྲོང་ཁྱེར་ཁག་ནང་དར་འཕེལ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་འཁོད་པའི་ནང་དེང་སྐབས་རྒྱ་གར་དང་བལ་ཡུལ་གྱི་གྲོང་ཁྱེར་ཁག་ནང་གི་གྲོང་མི་ ཚོས་བོད་སྨན་ལ་ཡིད་ཆེས་དང་བོད་ཀྱི་གསོ་བ་རིག་པའི་ལམ་ནས་སྨན་བཅོས་ཐབས་ལམ་འཚོལ་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན་ནས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་གཞུང་སྨན་རྩིས་ཁང་གིས་རྒྱ་གར་དང་བལ་ཡུལ་གྱི་གྲོང་ཁྱེར་ཁག་གཉིས་ཙམ་ནང་ཡན་ལག་སྨན་ཁང་གསར་དུ་སྒོ་ཕྱེ་ཏེ་ད་ཆ་བོད་གཞུང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་རྒྱ་གར་བལ་ཡུལ་གྱི་གྲོང་ཁྱེར་ཁག་༤༦ཙམ་གྱི་ནང་ཡན་ལག་སྨན་ཁང་ཡོད་པ་དང་ཡན་ལག་སྨན་ཁང་དེ་དག་ནང་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་རྩ་སྨན་གྱི་བཅོས་ཐབས་ཐོག་ནས་རིམས་ནད་སྔོན་འགོག་དང་དེ་བཞིན་མངར་ཆའི་ནད་གཞིའི་རིགས།རྩ་འབྲུམ་རིགས།སེམས་ཁམས་མི་བདེ་བའི་རིགས།དེ་མིན་རྒྱུན་ལྡན་གྱི་ཆམ་ནད་དང་ཁོག་པའི་ནང་གི་ནད་གཞི་སོགས་སྨན་བཅོས་གནང་ཏེ་གྲུབ་འབྲས་ཡང་གང་ཙམ་ཐོན་ནས་ས་གནས་མི་མང་ཚོས་ཧ་ཅང་གི་དགའ་པོ་བྱས་ཏེ་བོད་སྨན་བསྟེན་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎