ཁམས་ཀྱི་དགོན་སྡེ་ཁག་གིས་ཡུལ་གྱི་ཉེས་བྱས་འགོག་བཞིན།

བོད་ཀྱི་མཁན་པོ་བཅུ་ཙམ་ཞིག་ནས་ཡུལ་མི་རྣམས་ལ་ལས་རྒྱུ་འབྲས་མེད་པའི་ལས་ཀ་བྱ་རྒྱུ་མེད་པའི་འབོད་སྐུལ་ཞིག་འགྲེམ་སྤེལ་བྱས་ཡོད་འདུག

2009.05.18

༄༅༎ཉེ་ཆར་ཁམས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་དང་ཁམས་ཨ་ཆོས་སྒར་གྱི་མཁན་པོ་སོགས་མཁན་པོ་བཅུ་ཙམ་ཞིག་ནས་ཡུལ་མི་རྣམས་ལ་ལས་རྒྱུ་འབྲས་མེད་པའི་ལས་ཀ་བྱ་རྒྱུ་མེད་པའི་འབོད་སྐུལ་དོན་ཚན་བཅུ་གཉིས་ཅན་ཞིག་འགྲེམ་སྤེལ་བྱས་ཡོད་འདུག་པ་དང་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ས་ཁུལ་མང་པོར་ས་རྩོད་ཆུ་རྩོད་ཀྱིས་བོད་མི་ནང་ཁུལ་མི་གསོད་ཁྲག་སྦྱོར་གྱི་ལས་ངན་མང་པོ་ཐོན་བཞིན་པ་དེ་འགག་ཐབས་ཆེད་ཡིན་འདུག

དོན་ཚན་བཅུ་གཉིས་ནང་གྲོང་པ་ཕན་ཚུན་བར་འཁྲུག་རྩོད་བྱ་རྒྱུ་མེད་པ་དང་ནམ་རྒྱུན་ནས་ལུས་ལ་མཚོན་ཆ་འདོགས་རྒྱུ་མེད་པ།དུ་བ་དང་ཆང་རག་འཐུང་རྒྱུ་མེད་པ།དེང་སང་དངུལ་དངོས་ཀྱི་ཆེད་བླ་སྤྲུལ་རྫུན་མ་མང་པོ་ཞིག་རྒྱ་ནག་ཏུ་འགྲོ་ནས་མགོ་སྐོར་གཏོང་བཞིན་པ་མཚམས་འཇོག་དགོས་པ།ལྷ་ཁང་དགོན་པ་བཞེང་རྒྱུར་ཁག་གཡོགས་ནས་མི་མང་ནས་ཞལ་འདེབས་བསྡུ་སློང་བྱ་རྒྱུ་མེད་པ།རི་དག་གསོད་པ་དང་སྟག་གཟིག་གི་པགས་རིགས་གྱོན་རྒྱུ་མེད་པ།ག་དུས་ཀྱང་བོད་ཀྱི་ཁྱད་ཆོས་མངོན་པའི་ཆས་གྱོན་དགོས་པ་སོགས་འཁོད་ཡོད་འདུག་པ་དང་གལ་ཏེ་སུ་ཞིག་གིས་དེ་དོན་ལག་བསྟར་མ་བྱས་ཚེ་དགོན་པའི་ཆོས་ཁྲིམས་དང་འགལ་བ་ཡིན་སྟབས་མི་ཤི་ན་ནད་གང་ཞིག་བྱུང་ཡང་དགོན་པའི་ངོས་ནས་རོགས་རམ་གང་ཡང་བྱ་རྒྱུ་མིན་ལུགས་སོགས་བཀོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎