བོད་མི་དང་ནང་བའི་གྲྭ་བཙུན་ཚོས་བལ་ཡུལ་ནང་རོཊ་སྐྱོར།


2015.05.07
བོད་མི་དང་ནང་བའི་གྲྭ་བཙུན་ཚོས་བལ་ཡུལ་གྱི་གནོད་ཐེབས་ས་ཁུལ་ནང་རོཊ་སྐྱོར་གནང་བཞིན་པ། ༢༠༡༥།༥ བོད་མི་དང་ནང་བའི་གྲྭ་བཙུན་ཚོས་བལ་ཡུལ་གྱི་གནོད་ཐེབས་ས་ཁུལ་ནང་རོཊ་སྐྱོར་གནང་བཞིན་པ། ༢༠༡༥།༥
ཐུབ་བསྟན་སངས་རྒྱས།/RFA

བོད་མི་དང་ནང་བའི་གྲྭ་བཙུན་ཚོས་བལ་ཡུལ་གྱི་གནོད་ཐེབས་ས་ཁུལ་ནང་རོཊ་སྐྱོར་ཤུགས་ཆེ་གནང་བར་ས་གནས་ཡུལ་མིས་ཡི་རང་གནང་བ།
དེ་ཡང་ཟླ་བ་སྔོན་མའི་ཚེས་༢༥ཉིན་བྱུང་བའི་ཚབས་ཆེའི་ས་ཡོམ་གྱི་གོད་ཆག་ཁྲོད་ད་བར་མི་གྲངས་༧༧༥༩ཙམ་གྱི་ཚེ་སྲོག་ཤོར་བ་དང༌། མི་མང་སྟོང་ཕྲག་མང་པོར་རྨས་སྐྱོན་ཕོག་ཡོད་པ། དེ་བཞིན་མང་ཚོགས་ཀྱི་སྡོད་ཁྱིམ་ཆེས་མང་པོ་རྩ་མེད་དུ་ཕྱིན་པ་སོགས་ཀྱི་ཡ་ང་བའི་གནས་སྟངས་ཆགས་ཡོད་པར། གདུང་སེམས་མཉམ་བསྐྱེད་ཀྱི་རོགས་སྐྱོབ་ཀྱི་ཆེད། དེང་སྐབས་ཡུལ་དེའི་ནང་ཕྱིའི་རོགས་རམ་འཕོན་ཆེ་འབྱོར་བཞིན་ཡོད་པ་དེ་ལྟར་ཡང༌། རོགས་རམ་དེ་དག་རྒྱལ་ས་ཀཐ་མན་གྲུའི་གཙོས་པའི་གྲོང་ཁྱེར་ཆེ་ཁག་ཏུ་གནས་སྡོད་བྱེད་མཁན་ཚོར་ཕན་ཐོགས་ཡོང་གི་ཡོད་པ་ལས། གནོད་འཚེ་ཕོག་པའི་ཐག་རིང་གྲོང་གསེབ་ཁག་ཏུ་དུས་ད་ལྟའང་བལ་ཡུལ་གཞུང་གིས་ངལ་སེལ་གྱི་རོགས་རམ་གང་ཡང་འབྱོར་ཐུབ་མེད་པར་སོང༌། བལ་ཡུལ་ནང་ཡོད་པའི་བོད་མི་སྤྱི་དང༌། ལྷག་པར་དུ་སེ་ཆེན་དགོན་པ་དང༌། ཀོ་པན་དགོན་པ། འབྲི་གུང་རིན་ཆེན་གླིང་དགོན་པ། ཁྲ་མགུ་དགོན་པ། ཐར་ལམ་དགོན་པ། ཀརྨ་བཀའ་བརྒྱུད་དགོན་པ། ཤེལ་དཀར་དགོན་པ་སོགས་བོད་པའི་དགོན་སྡེ་ཁག་དང་། ནང་བའི་དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ་རྣམ་པས་རྒྱལ་ས་ཀཐ་མན་གྲུ་དང༌། དེ་བཞིན་འགྲུལ་བཞུད་མི་བདེ་བའི་ཐག་རིང་གྲོང་གསེབ་ཁག་ཏུ་བསྐྱོད་དེ་དཀའ་ངལ་ནང་ལྷུང་བའི་མང་ཚོགས་རྣམས་ལ་སྡོད་གུར་དང༌། མལ་ཆས། ཆུ་དང༌། དེ་བཞིན་ཉིན་རེའི་དགོས་མཁོའི་བཟའ་བཅའ་སོགས་ཀྱི་རོགས་རམ་མཁོ་སྤྲོད་གནང་བཞིན་པ་མ་ཟད། དགོན་སྡེ་ཁག་གི་མདུན་ཐང་དུ་གུར་ཕུབ་ཏེ་སྡོད་ཁྱིམ་མེད་པའི་མི་མང་གནས་སྡོད་བྱེད་དུ་བཅུག་པ་སོགས་ཀྱི་མྱུར་སྐྱོབ་རོགས་སྐྱོར་ལས་དོན་ལ་བལ་ཡུལ་གྱི་ས་གནས་ཡུལ་མི་མང་པོས་ཡིད་སྨོན་དང་། བསྔགས་བརྗོད། མིག་དཔེ་འོས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྒྲུབ་བཞིན་པར་ཡི་རང་གནང་བཞིན་ཡོད་འདུག
དེ་བཞིན་བལ་ཡུལ་དུ་ས་ཡོམ་བརྒྱབ་པའི་ཁྲོད་ད་བར་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མི་མི་གྲངས་༡༣ ཙམ་རྐྱེན་འདས་སུ་སོང་ཡོད་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎