སྐབས་བཅུ་དྲུག་པའི་སྤྱི་འཐུས་གྲོས་ཚོགས་མཇུག་བསྒྲིལ་བ།


2018.09.28
སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་བསྒྲིལ་སྐབས། ༢༠༡༨།༩།༢༨ སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་བསྒྲིལ་སྐབས། ༢༠༡༨།༩།༢༨
Photo: RFA

སྤྱི་འཐུས་ཀྱི་ཚོགས་གཙོས་༧གོང་ས་མཆོག་གི་བཀའ་དྲིན་དྲན་པ་དང་བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་སྲ་བརྟན་བཟོ་དགོས་པ་གསུངས་འདུག
སྐབས་བཅོ་ལྔ་པའི་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཚོགས་ཐེངས་དྲུག་པ་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་མཇུག་བསྒྲིལ་གནང་ཞིང་། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མིའི་མང་གཙོའི་སྒྲིག་འཛུགས་འདི་ལྟ་བུ་ཞིག་ཡོད་པ་འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པ་དེ་དུས་རྟག་ཏུ་དྲན་དགོས་པ་དང་། བོད་མིའི་གཅིག་འགྱུར་གྱི་ནུས་པ་སྲ་བརྟན་ཐོག་འབད་འབུང་དགོས་པ་ནན་བརྗོད་གནང་འདུག  ཚོགས་དུས་འདི་ནི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་ཚོགས་གཙོའི་ལས་ཡུན་གྱི་གྲོས་ཚོགས་མཐའ་མ་དེ་ཆགས་ཡོད་ཅིང་།  ༢༠༡༨ ཕྱི་ཟླ་ ༡༢ པ་ནས་བཟུང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ནས་ཚོགས་གཙོའི་ཐུགས་འགན་བཞེས་རྒྱུ་ཡིན་པ་རེད།
ད་རེས་གྲོས་ཚོགས་ཀྱི་ཚོགས་དུས་འདིའི་སྐབས་ཀྱི་ལས་དོན་གལ་ཆེ་ཤོས་ཤིག་ནི། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཐུབ་པ་བྱུང་བ་དེ་ཡིན་པར་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ངོས་འཛིན་གནང་འདུག  ཁོང་གིས་འབྱུང་རྒྱུར་ལོ་མང་པོའི་རིང་བསྐྱར་བཅོས་ཆེན་པོའི་རིགས་འགྲོ་མི་དགོས་པ་ཆགས་ཡོད་པ་གསུངས་འདུག
ད་དུང་སྤྱི་འཐུས་ཀྱི་ཚོགས་གཙོ་མཆོག་གི་མཇུག་སྡོམས་གསུང་བཤད་ནང་།  མ་འོངས་པར་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་བཀའ་ཁྲོལ་ཡོད་ན་ལས།  དེ་མིན་སྤྱི་འཐུས་གྲོས་ཚོགས་ཐོག་དགའ་ལྡན་ཕོ་བྲང་དང་འབྲེལ་བའི་སྐོར་གླེང་མོལ་མི་ཡོང་བར་ཡིད་གཟབ་དགོས་པའི་སློབ་སྟོན་ཡང་གནང་འདུག
ཡང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་སྤྱི་འཐུས་ཚོགས་གཙོ་མཆོག་ལ་ཁོང་གིས་ཚོགས་གཙོའི་ལས་ཡུན་རིང་བཀའ་སྤྱི་གཉིས་དབར་འབྲེལ་བ་ཧ་ཅང་བཟང་པོ་བྱུང་བར་ཐུགས་རྗེ་ཆེ་ཞུས་གནང་ཞིང་།  སྲིད་སྐྱོང་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དུས་ནམ་ཡང་མི་བརྗེད་པ་བྱེད་དགོས་སྐོར་ནན་བརྗོད་གནང་པར་མ་ཟད། ཉེ་ཆར་སུད་སིར་གནས་སྡོད་བོད་པའི་བེུད་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་རིགས་དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་གསུངས་འདུག།
སྐབས་བཅུ་དྲུག་པའི་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་དྲུག་པ་དེ་ཕྱི་ཟླ་ ༩ ཚེས་ ༡༨ ནས་ ༢༨ བར་ལས་ཡུན་ཉིན་གྲངས་བཅུའི་རིང་ཚོགས་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎