བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་དུས་༡༡པ་མཇུག་བསྒྲིལ་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡པ་དེ་བཞིན་ཁ་ས་ཕྱི་ཚེས་༢༥ཉིན་མཇུག་བསྒྲིལ་གནང་འདུག

2011.03.26

༄༅༎བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡པ་དེ་བཞིན་ཟླ་བ་འདིའི་ཚེས་༡༤ཉིན་དབུ་འཛུགས་ཀྱིས་ཁ་ས་ཕྱི་ཚེས་༢༥ཉིན་མཇུག་བསྒྲིལ་གནང་འདུག ད་རེས་ཀྱི་ལྷན་ཚོགས་འདིའི་ཐོག་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དང་འབྲེལ་བའི་ལས་འཆར་ཐོག་བཀའ་བསྡུར་ལྷུག་པོ་གནང་བའི་མཐར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་ཐོག་ བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་ཆེད་འཛུགས་གནང་སྟེ། གང་མྱུར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྡུ་སྐོང་གནང་རྒྱུར་སྤྱི་མོས་གྲོས་ཆོད་བཞག་གནང་འདུག གོང་ཞུས་གྲོས་ཆོད་དེའི་ནང་། དང་པོ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དང༌། བཀའ་སློབ་ཀྱི་དགོངས་དོན་ཉམས་ལེན་ཞུ་སླད། ཚོགས་གཙོ་སྦྲེལ་པོས་ བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་རྒྱུ། གཉིས་པ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་དེས་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་དང༌། གྲོས་ཚོགས་སུ་བགྲོ་གླེང་བྱུང་བའི་སྤྱི་འཐུས་རྣམ་པའི་དགོངས་ཚུལ་གཞིར་བཞག་གིས། ཁྲིམས་དོན་མཁས་པར་གོ་བསྡུར་བགྲོ་གླེང་དང༌། གཞན་ཡང་ལས་རིམ་ཇི་འགབ་བབ་གཟིགས་ཀྱིས་ཟིན་བྲིས་འགོད་རྒྱུ། ཆོགས་ཆུང་དེའི་སྙན་ཐོ་༢༠༡༡ཟླ་བ་༤ཚེས་༡༡ནང་ཚུན་དུ་ཚོགས་དྲུང་ལས་ཁུངས་སུ་འབུལ་ཐུབ་པ་དགོས་རྒྱུ། གསུམ་པ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་ནང་དོན་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་ཟུར་འཛར་གཉིས་པའི་སྔོན་གླེང་དང༌། དོན་ཚན་དང་པོའི་ཚིག་དོན་ལ་བསྐྱར་བཅོས་ནང་འོས་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་ཁྲིམས་སུ་འགོད་ཆོག་པའི་གསོལ་འདེབས་ཞུ་ཕྱོགས་སྐོར་༢༠༡༡ཟླ་བ་༥པའི་བདུན་ཕྲག་གསུམ་པའི་ནང་ཚུན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་སྐོང་འཚོགས་གནང་རྒྱུ་དང༌། ཚོགས་ཆེན་དེའི་དུས་ཚེས་དང་འཚོགས་ཡུལ་བཅས་སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་གནང་རྒྱུ། བཞི་པ། གོང་ཞུས་ལས་དོན་ཁག་གྲུབ་མཚམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༤པའི་ཚོགས་འདུ་འཕར་མ་ཞིག་བསྡུ་སྐོང་གིས་སྙན་ཐོ་ལག་བསྟར་ཞུ་ཕྱོགས་སྐོར་བཀའ་བསྡུར་ཐག་གཅོད་གནང་རྒྱུ་བཅས་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎