ཨ་རིའི་གྲོས་ཚོཌ་འོག་མའི་ཚོཌ་གཙོ་བསྐྱར་དུ་འོས་འདེམས་བྱུང་བ།
2009.01.12
༄༅༎བཙན་བྱོལ་བོད་མིའི་གྲོས་ཚོཌ་ཀྱིས་ལྕམ་ནན་སི་པོ་ལོ་སི་མཆོག་བསྐྱར་གྲོས་ཚོགས་འོག་མའི་ཚོཌ་གཙོར་འོས་འདེམས་བྱུང་བར་འཚམས་འདྲི་ཞུས ཨ་མི་རི་ཀའི་སྐབས་བརྒྱ་དང་བཅུ་གཅིག་པའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ཐུགས་འཁུར་ཐོག་འགྲན་བསྡུར་གནང་མཁན་གཉིས་བྱུང་ཡོད་ཅིང་ཀ་ལི་ཕོང་ནི་ཡ་ནས་འོས་ཐོན་བྱུང་བའི་གྲོས་ཚོགས་དམངས་གཙོ་ཚོགས་པའི་འཐུས་མི་ལྕམ་ནན་སི་པོ་ལི་སི་དང་སྤྱི་མཐུན་ཚོགས་པའི་འོས་མི་ཇོན་རྦེ་ནར་གཉིས་ཡིན་པ་དང་ལྕམ་ནན་སི་པོ་ལི་སི་ལ་འོས་ཤོག་ཉིས་བརྒྱ་ལྔ་བཅུ་ང་ལྔ་དང་ཇོན་རྦེ་ནར་ལ་བརྒྱ་དང་བདུན་བཅུ་དོན་བཞི་ཐོབ་ནས་ལྕམ་ནན་སི་པོ་ལོ་སི་མཆོག་གྲོས་ཚོགས་འོག་མའི་ཚོགས་གཙོར་ཐེངས་གཉིས་པར་འོས་ཐོན་བྱུང་ནས་བུད་མེད་ཅིག་གིས་གྲོས་ཚོགས་འོག་མའི་ཚོགས་གཙོ་ཐེངས་གཉིས་པ་གནང་རྒྱུའི་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད་པ་རེད་འདུག
ལྕམ་ནན་སི་པོ་ལོ་སི་ལ་ལོ་རྒྱུས་དང་ལྡན་པའི་རྒྱལ་ཁ་ཐོབ་པར་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་མཆོག་གིས་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་མཚན་ཐོག་ནས་འཚམས་འདྲིའི་ཕྱག་བྲིས་ཤིག་ཕུལ་ནས་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་མ་ཟད་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།
ལྕམ་ནན་སི་པོ་ལོ་སི་མཆོག་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་བཞུགས་སྒར་རྡ་རམ་ས་ལར་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་གི་དབུ་ཁྲིད་གནང་ནས་ཕེབས་ཡོད་པ་མ་ཟད་བོད་ཀྱི་གནད་དོན་ཐོག་རྒྱུན་ལྡན་གྱི་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་བཙན་བྱོལ་བོད་ཀྱི་གྲོས་ཚོགས་ཀྱིས་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུའི་རེ་བ་གནང་གི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།