བཙན་བྱོལ་བོད་གཞུང་གི་ཉིས་སྟོང་བཅུ་ལོའི་འགྲོ་གྲོན་དངུལ་རྩིས།

བཙན་བྱོལ་བོད་གཞུང་གི་མ་ལག་ལས་ཁུངས་ཁག་གི་འགྲོ་གྲོན་ཆེད་བསྐྱར་ཞིབ་ཀྱི་དངུལ་བརྩིས་ལ་བཀའ་ཁྲོལ་གནང་ཡོད་པའི་གནས་ཚུལ།

2009.12.03

༄༅༎བོད་མི་མང་སྤྱི་མཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ནས་༢༠༠༩དང་༢༠༡༠ལོའི་བཙན་བྱོལ་བོད་གཞུང་གི་མ་ལག་ལས་ཁུངས་ཁག་གི་འགྲོ་གྲོན་ཆེད་བསྐྱར་ཞིབ་ཀྱི་དངུལ་བརྩིས་ལ་བཀའ་ཁྲོལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན་བཙན་བྱོལ་བོད་གཞུང་གི་བསྐྱར་བཅོས་གནང་པའི་༢༠༠༩ནས༡༠བར་བཙན་བྱོལ་བོད་གཞུང་གི་མ་ལག་ལས་ཁུངས་ཁག་གི་འགྲོ་གྲོན་དངུལ་བརྩིས་ལ་བསྐྱར་ཞིབ་གནང་ཕྱིར་ཉེ་སྔོན་ཕྱི་ཟླ་༡༡པའི་ཚེས་༢༣ནས༣༠བར་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་གིས་བསྐྱར་ཞིབ་ལྷན་ཚོགས་གནང་ཡོད་པ་དང་ ཚེས་༣༠ཉིན་ བོད་མི་སྤྱི་འཐུས་ལས་ཁུངས་ནས་ བཙན་བྱོལ་བོད་གཞུང་གི་འགྲོ་གྲོན་དངུལ་བརྩིས་གཏན་འབེབས་ཀྱིས་བཀའ་ཁྲོལ་གསལ་བསྒྲགས་གནང་ཡོད་པ་རེད་ གསལ་བསྒྲགས་དེ་གཞིར་བཟུང་ལྟར་ན་ ༢༠༠༩ནས་༡༠བར་བཙན་བྱོལ་བོད་གཞུང་གི་འགྲོ་གྲོན་དངུལ་བརྩིས་དེ་རྒྱ་གར་གྱི་དངུལ་བསྡོམས་ཐེར་འདུམ་གཅིག་དང་ས་ཡ་༣༦ལྔ་ཁྲི་ཉིས་སྟོང་གཏན་འབེབས་གནང་བཞག གོལ་གསལ་གྱི་དངུལ་བརྩིས་སྐྱར་ཞིབ་ཀྱི་སྡོམ་འབོར་དེའི་ནང་འདི་ལོ་འགོ་སྟོད་སྤྱི་ཟླ་གསུམ་པའི་ནང་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་ཁྲོལ་གནང་པའི་དངུལ་འབོར་དུང་ཕྱུར་༨དང་ས་ཡ་༢༨ལྷག་ཙམ་གྱི་དངུལ་བརྩིས་ཡང་ཚུད་ཀྱི་ཡོད་པ་རེད་བཙན་བྱོལ་བོད་གཞུང་གི་མ་ལག་ལས་ཁུངས་ཁག་བདུན་ནས་༢༠༠༩ནས་༡༠བར་ལས་ཁང་སོ་སོའི་འགྲོ་འགྲོན་གྱི་བསྐྱར་བཅོས་དངུལ་བརྩིས་དེ་ ཉེ་སྔོན་ཕྱི་ཟླ་༡༠ནང་བཙན་བྱོལ་བོད་བཀའ་ཤག་དང་དངུལ་བརྩིས་ལས་ཁུངས་གཉིས་བརྒྱུད་བོད་མི་སྤྱི་འཐུས་ལྷན་ཚོགས་སུ་སྤྱན་འབུལ་ཞུས་རྗེས་ད་རེས་གཏན་འབེབས་བྱུང་བ་ཞིག་ཡིན་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎