རྐྱེན་འདས་སོང་བའི་བོད་མིར་རྗེས་དྲན་རྡོ་རིང་བཞེངས་འཆར།

སྔ་ལོ་བོད་ནང་གི་ཞི་རྒོལ་ཆེན་པོའི་ནང་རྐྱེན་འདས་སུ་གྱུར་པ་ཚོར་རྗེས་དྲན་ཞུ་སླད་རྡོ་རིང་ཞིག་བཞུགས་སྒར་རྡ་རམ་ས་ལར་བཞེངས་རྒྱུ་ཐག་ཆོད།

2009.08.06

༄༅༎བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྔ་ལོ་བོད་ནང་གི་ཞི་རྒོལ་ཆེན་པོའི་ནང་རྐྱེན་འདས་སུ་གྱུར་པ་ཚོར་རྗེས་དྲན་ཞུ་སླད་རྡོ་རིང་ཞིག་བཞུགས་སྒར་རྡ་རམ་ས་ལར་བཞེངས་རྒྱུ་ཐག་གཅོད་བྱུང་ཡོད་འདུག

དེ་ཡང་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་འཁོད་པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བདུན་པའི་གྲོས་ཆོད་དགོངས་དོན་གཞིར་བཟུང་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་དང་མཛད་རྗེས་ལ་གུས་འདུད་རྗེས་དྲན་ཞུ་སླད་རྡོ་རིང་ཞིག་ས་གནས་གང་འོག་ཤིག་ཏུ་བཞེངས་རྒྱུ་གཏན་ལ་ཕབ་པ་ལྟར་རྡོ་རིང་བཞེངས་སྐྲུན་ལས་དོན་ཚོགས་ཆུང་གིས་རྡོ་རིང་བཞེངས་ཕྱོགས་སྐོར་གྱི་གལ་ཆེའི་གསལ་བསྒྲགས་གནང་བར་གཞིགས་ན་རྗེས་དྲན་རྡོ་རིང་འདི་བཞིན་བཞུགས་སྒར་རྡ་རམ་ས་ལར་བཞེངས་རྒྱུ་དང་རྡོ་རིང་གི་བཟོ་དབྱིབས་དང་མཚན་བྱང༌བཞེངས་སྐྲུན་ཞུ་ཕྱོགས་བཅས་སྐོར་རྒྱ་ཆེའི་མང་ཚོགས་ཀྱི་དགོངས་འཆར་བསྡུ་རུབ་བྱ་རྒྱུ་རྡོ་རིང་གི་བཀོད་དབྱིབས་རི་མོའང་ཆེད་ལས་རི་མོ་བ་དང་ཆེད་ལས་བྱུས་འགོད་པ་རྣམས་ཀྱི་རྣམ་དཔྱོད་ལ་བརྟེན་ནས་བྱུས་འགོད་རི་མོ་འདེམས་སྒྲུག་བྱ་རྒྱུ་མཐར་འདེམས་ཐོན་བྱུང་བའི་རྩེ་ཕུད་བཀོད་དབྱིབས་རི་མོར་ཚོགས་ཆུང་ནས་ཧིན་སྒོར་ལྔ་སྟོང་གི་ལེགས་གསོལ་དང་བྱུས་འགོད་པའི་མཚན་བྱང་རྡོ་རིང་ཐོག་འགོད་རྒྱུ་ཡིན་པ་མ་ཟད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མཚན་ཐོངས་ཕྱག་འཁྱེར་ཞིག་ཀྱང་གནང་རྒྱུ་ཡིན་ཞིང་རྡོ་རིང་གི་བཀོད་དབྱིབས་རི་མོ་ཕྱི་ཟླ་དགུ་པའི་ཚེས་ལྔ་ནང་ཚུད་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་གནང་རྒྱུ་རྗེས་དྲན་རྡོ་རིང་འདིའི་གཞི་རྟེན་ཞེང་ཚད་ལ་ཕེ་ཁྲི་བཞི་དང་མཐོ་ཚད་ཕི་ཁྲི་བཅུ་གཉིས་ཙམ་ཞིག་ཚད་གཞིར་ཟིན་དགོས་པ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རྗེས་དྲན་རྡོ་རིང་བཞེངས་སྐྲུན་ལས་དོན་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་གནང་ཡོད་པའི་ནང་འཁོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎