བཙན་བྱོལ་སྤྱི་འཐུས་གྲོས་ཚོགས་ནས་ཐུཌ་གསོའི་འཚམས་འདྲིན།

བཙན་བྱོལ་སྤྱི་འཐུས་གྲོས་ཚོགས་ནས་རྒྱ་གར་གྱི་སྲིད་འཛིན་སྐུ་གཞོན་ཟུར་པ་སྐུ་ཚེ་མ་ཟིན་པར་ཐུགས་གསོའི་འཚམས་འདྲིན་ཕུལ་ཡོད་པ་རེད།

2010.05.20

༄༅༎བཙན་བྱོལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་རྒྱ་གར་གྱི་སྲིད་འཛིན་སྐུ་གཞོན་ཟུར་པ་རྦའེ་རོན་སིང་ཤ་ཀ་ལྦཏ་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་རྐྱེན་པས་ཁོང་གི་རྗེས་ཤུལ་ནང་མི་ལྷན་རྒྱས་ལ་ཐུགས་གསོའི་འཚམས་འདྲིན་ཕུལ་ཡོད་པ་རེད་༎

རྒྱ་གར་གྱི་སྲིད་འཛིན་སྐུ་གཞོན་ཟུར་པ་ལྦའེ་རོན་སིང་ཤེ་ཀ་ལྦཏ་མཆོག་ཉེ་ལམ་ཚེས་༡༥ཉིན་ར་ཇ་སི་ཐན་མངའ་སྡེའི་ཇའེ་པུར་གྲོང་ཁྱེར་རུ་འདས་གྲོངས་སོང་ཡོད་པ་དང་ཁོང་དགུང་གྲངས་༨༧ཡིན་པ་རེད་ ཚེས་༢༠ཉིན་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྲིད་འཛིན་སྐུ་གཞོན་ཟུར་པ་ཤེ་ཀ་ལྦཏ་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ལ་རྒྱ་གར་རྒྱལ་ཁབ་ཆེན་པོས་མྱ་ངན་གུས་བཏུས་ཞུས་པ་བཞིན་ བཙན་བྱོལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་ཀྱང་དེ་མཚུངས་མྱ་ངན་གུས་བཏུས་དང་ དམ་པ་དེའི་མཛད་རྗེས་ལ་རྗེས་སུ་ཡི་རངས་ཞུ་ཡི་ཡོད་ཅེས་ཁོང་གི་རྗེས་ཤུལ་ནང་མི་ལྷན་ལ་ཐུགས་གསོ་དང་འཚམས་འཕྲིན་ཕྱག་བྲིས་ཕུལ་ཡོད་པ་རེད་ སྐུ་བཤེགས་དམ་པ་ལྦའེ་རོན་སིང་ཤེ་ཀ་ལྦཏ་མཆོག་ནི་རྒྱ་གར་གྱི་སྲིད་འཛིན་སྐུ་གཞོན་ཟུར་པ་ཡིན་པ་ཙམ་མ་ཟད་ ར་ཇ་སི་ཐན་མངའ་སྡེའི་སྲིད་སྐྱོང་བ་གནང་མྱོང་ཡོད་པ་རེད་  བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གི་མཚན་ཐོག་ནས་ཕུལ་བའི་ཐུགས་གསོའི་འཚམས་འཕྲིན་ནང་དུ་ཡང་ སྐུ་བཤེགས་དམ་པ་གཙོས་པས་ར་ཇ་སི་ཐན་མངའ་སྡེའི་གཞུང་རིམ་པས་མངའ་སྡེ་དེའི་ནང་བོད་མི་སུས་ཚོང་བ་རྣམས་ཀྱི་བདེ་སྡུག་ལ་སྔ་རྗེས་རོགས་ཕན་ཇི་ལྟར་གནང་པར་རྗེས་སུ་ཡི་རངས་ཀྱི་དྲན་གསོ་དང་ ལྷག་པར་དུ་༢༠༠༢ལོར་སྐུ་བཤེགས་དམ་པ་དེ་ཉིད་རྒྱ་གར་གྱི་སྲིད་འཛིན་སྐུ་གཞོན་གྱི་མཛད་འགན་བཞེས་པའི་སྐབས་ བོད་མིའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་སྟེ་བོད་མི་ཚོར་རང་དབང་དང་དྲང་བདེན་གྱི་ཐོབ་ཐང་ལ་རྒྱབ་སྐྱོར་ནན་བརྗོད་གནང་པར་མཛད་རྗེས་སུ་ཡི་རངས་ཀྱི་བསྔགས་བརྗོད་ཞུས་གནང་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎