རིག་གཅིག་རྐང་འཛིན་ཐད་བསམ་ཚུལ་སྟོན་དགོས་པའི་རེ་སྐུལ།

ཤེས་ཡོན་དང་རིག་གཅིག་རྐང་འཛིན་བྱེད་མཁན་ཉུང་དྲག་པའི་རྒྱུ་མཚན་ཇི་ཡིན་སྐོར་བསམ་ཚུལ་བསྡུ་ལེན་གྱི་དྲི་ཤོག་ཅིག་འདོན་སྤེལ་གནང་བ།

2009.11.07

༄༅༎བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྱབ་ཁོངས་རིག་གཅིག་རྐང་འཛིན་ཚོགས་ཆུང་གིས་བོད་མིའི་ཤེས་ཡོན་ལ་ཐུགས་སྣང་དང་འབྲེལ་བ་ཡོད་མཁན་ཚོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་གྱི་གནས་ཚད་སྤྱི་དང་རིག་གཅིག་རྐང་འཛིན་བྱེད་མཁན་ཉུང་དྲག་པའི་རྒྱུ་མཚན་ཇི་ཡིན་སྐོར་བསམ་ཚུལ་བསྡུ་ལེན་གྱི་དྲི་ཤོག་ཅིག་འདོན་སྤེལ་གནང་ཡོད་པ་དེར་ཐུགས་སྣང་གིས་རང་རང་སོ་སོའི་དགོངས་ཚུལ་སྟོན་གནང་དགོས་པའི་འབོད་སྐུལ་གནང་འདུག

སྔ་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་བཞུགས་སྒར་རྡ་རམ་ས་ལའི་བུ་ཕྲུག་ཁྱིམ་སྡེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་ན་གཞོན་རིག་གཅིག་རྐང་འཛིན་བྱེད་མཁན་ཉུང་དྲག་པའི་སྐྱོན་ཆ་གསལ་བཏོན་གནང་བ་དང་དེ་རྗེས་ཕྱི་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་གསུམ་ཉིན་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཐོག་ལའང་༸གོང་ས་མཆོག་གིས་འཛམ་གླིང་ཡུལ་གྲུ་གཞན་ནང་གི་རིག་གཅིག་རྐང་འཛིན་མི་སྣ་ཚོ་དང་འདྲ་མཉམ་གྱི་ཐོག་ནས་རང་རྐྱ་འཕེར་བའི་བོད་པའི་སློབ་ཕྲུག་རིག་གཅིག་རྐང་འཛིན་གང་མང་ཐོན་ཐུབ་རྒྱུ་དགོས་གལ་ཆེ་བའི་བཀའ་སློབ་དགོངས་དོན་གཞི་བཟུང་འདི་ལོ་ཕྱི་ཟླ་གསུམ་པའི་ནང་སྐབས་བཅུ་བཞི་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བདུན་པའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྱབ་ཁོངས་རིག་གཅིག་རྐང་འཛིན་ཚོགས་ཆུང་ཞིག་གསར་འཛུགས་གནང་རྒྱུའི་གྲོས་མཆོད་བཞག་གནང་ཡོད་པ་རེད།

སྤྱི་འཐུས་ལྷན་ཚོགས་ཀྱི་རིག་གཅིག་རྐང་འཛིན་ཚོགས་ཆུང་གིས་ཟླ་བ་འདིའི་ཚེས་གཉིས་འཁོད་པའི་ཡོངས་ཁྱབ་འབོད་སྐུལ་ཞིག་གནང་ཡོད་པ་དེའི་ནང་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་ལ་ཐུགས་སྣང་གནང་མཁན་ཡོངས་ནས་རང་རང་སོ་སོའི་བསམ་ཚུལ་གསུངས་སའི་དྲི་བ་བདུན་ཙམ་ཡོད་པའི་དྲི་ཤོག་དེ་བཞིན་སྤྱི་འཐུས་ལྷན་ཁང་ལ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་དང་པོའི་ཚེས་བཅོ་ལྔ་ནས་མ་འགྱངས་བ་འབུལ་ལམ་ཞུ་དགོས་ཀྱི་འདུག

རིག་གཅིག་རྐང་འཛིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་དང་དྲུང་ཆེ་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་དང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་བཅས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎