༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས།

བཀའ་སྤྱི་གཉིས་ལས་གྲུབ་པའི་༧གོང་ས་མཆོག་གི་གསུང་འཕྲིན་ཐད་ཀྱི་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་ཞུས་གནང་འདུག

2011.03.23

༄༅༎ད་ལྟ་འཚོགས་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བཀའ་སྤྱི་གཉིས་ལས་གྲུབ་པའི་༧གོང་ས་མཆོག་གི་གསུང་འཕྲིན་ཐད་ཀྱི་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་ཞུས་གནང་འདུག

བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་བཅས་གསུམ་ལས་གྲུབ་པའི་ལས་འཆར་ཚོགས་ཆུང་གི་སྙན་ཐོ་དེ་བཞིན་བཀའ་ཁྲི་མཆོག་གིས་སྒྲོག་སྦྱང་གནང་འདུག། ༧གོང་ས་མཆོག་གིས་ཐོག་མར་ཕྱི་ཚེས་༡༤ཉིན་གྲོས་ཚོགས་ལ་གསུང་འཕྲིན་བཀའ་ཕེབས་པ་དང་། ཚེས་༡༩ཉིན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་གསུང་ཆོས་སྐབས་སླར་ཡང་བཀའ་སློབ་ཟབ་ནན་ཕེབས་པ་ལུང་འདྲེན་གྱིས་སྙན་ཐོའི་ནང་དོན་སྒྲོག་སྦྱང་གནང་བ་དང་ཆབས་ཅིག་ ༧གོང་ས་མཆོག་གིས་མཛད་ཁུར་རྒྱུན་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུའི་བརྒྱུད་ལམ་གསར་བ་ཞིག་འཚོལ་ཐུབ་པའི་ཐབས་ཤེས་གནང་དགོས་པའི་རྒྱབ་གཉེར་ཞུ་རྒྱུ་ཡིན་ཞེས་གནང་འདུག། བཅའ་ཁྲིམས་བསྐྱར་བཅོས་ཐད་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ཆེད་དམིགས་བསལ་ཚོགས་ཆེན་ཞིག་གམ། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཞིག་སྐབས་བཅུ་བཞི་པའི་སྤྱི་འཐུས་ལས་ཡུན་མ་རྫོགས་གོང་བསྡུ་སྐོང་ཐོག་སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་འདེམས་གསལ་བསྒྲགས་ཐོན་པ་རྣམས་ཀྱང་མཉམ་ཞུགས་ཀྱིས་མང་ཚོགས་དང་ལྷན་དུ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཚིག་བརྗོད་རྣམས་བགྲོ་གླེང་མཐིལ་ཕྱིན་གནང་སྟེ། མོས་མཐུན་བྱུང་མཚམས་༧གོང་ས་མཆོག་ལ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་སྤྱན་འབུལ་ཞུ་རྒྱུ་ཡིན་འདུག ཚོགས་ཆུང་གི་སྙན་ཐོ་སྒྲོག་སྦྱོང་གནང་རྗེས་སྤྱི་འཐུས་ཚོགས་གཙོས་། སྤྱི་འཐུས་མི་རེ་ངོ་རེ་ཡིས་སྙན་ཐོ་འདིའི་ནང་དོན་ལ་བློ་རྩེ་གཅིག་ཏུ་བསྒྲིལ་ཏེ་ཐུགས་སྣང་དང་གོ་དོན་རྟོགས་པར་བྱ་དགོས་སྐོར་དང་། སྙན་ཐོ་འདི་དང་འབྲེལ་བའི་ཐོག་བགྲོ་གླེང་ཉི་མ་ག་ཚོད་དགོས་ཀྱང་མུ་མཐུད་མཇུག་སྐྱོང་དགོས་པའི་གྲོས་ཆོད་གྲོས་འཆར་གཏན་འབེབས་བྱ་རྒྱུ་ཡིན་ལུགས་གསལ་བསྒྲགས་བསྐྱངས་འདུག བོད་མི་མང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་ཐེངས་མཐའ་མ་འདི་རེས་གཟའ་པ་སངས་ཉིན་མཇུག་བསྒྲིལ་གནང་གི་ཡོད་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎