སྤྱི་འཐུས་ནང་༸གོང་ས་མཆོག་གི་གསུང་འཕྲིན་ལ་བཀའ་བསྡུར།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བགྲེས་ཡོལ་ཕེབས་རྒྱུའི་གསུངས་འཕྲིན་ཐོག་བཀའ་བསྡུར།

2011.03.15

༄༅༎བཙན་བྱོལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བགྲེས་ཡོལ་ཕེབས་རྒྱུའི་གསུངས་འཕྲིན་ཐོག་བཀའ་བསྡུར་གནང་འཆར་ཡོད་འདུག

ཁ་ས་ཚེས་བཅུ་གསུམ་ཉིན་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་སྔོན་རྩིས་ཚུགས་དུས་འགོ་ཚུགས་ཡོད་པ་དང་། ཚོགས་གཙོ་མཆོག་གིས་ད་རེས་རྩ་བའི་སྔོན་རྩིས་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་ནའང་དམིགས་བསལ་ད་རེས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དབང་ལ་བཅོས་བསྒྱུར་གཏོང་དགོས་པའི་གསུངས་འཕྲིན་བསྩལ་གནང་བ་དེའི་ཐོག་དེ་རིང་རེས་གཟའ་མིག་དམར་ནས་བཟུང་གྲོས་བསྡུར་གནང་རྒྱུ་ཡིན་ཞེས་གསུངས་ཡོད་འདུག ལྷག་པར་དུ་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་གསར་འགོད་པས་བཅར་འདྲི་དང་ལན་ཞུས་པའི་སྐབས་ཁོང་གིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གསུངས་འཕྲིན་གནང་བའི་ནང་དོན་ཁག་ལ་ང་ཚོ་གྲོས་ཚོགས་ནང་གྲོས་བསྡུར་གནང་རྒྱུ་དང་ཕལ་ཆེར་གནད་དོན་གསུམ་གྱི་ཐོག་གྲོས་བསྡུར་ཡོང་སྲིད་པ་རེད། དང་པོ་ནི་ཕལ་ཆེར་༧གོང་ས་མཆོག་ལ་སྐུ་དབང་ཐོག་བསྒྱུར་བཅོས་གཏོང་མི་དགོས་པ་ཞེས་བསྐྱར་དུ་འབོད་སྐུལ་ཞུ་རྒྱུ་དང་། གཉིས་པ་ནི་༧གོང་ས་མཆོག་གི་དགོངས་གཞི་དང་བསྟུན་ནས་བསྒྱུར་བཅོས་གཏོང་རྒྱུ་དང་དེ་ལྟར་ཡོང་ཐབས་སུ་ཚོགས་ཆུང་ཟུར་བཙུགས་ཀྱི་གྲོས་བསྡུར་དང་དེར་གཞིགས་པས་ལས་དོན་མང་པོ་ཞིག་སྤེལ་དགོས་ཀྱི་ཡོད་སྟབས་སྤྱི་འཐུས་སྐབས་བཅུ་བཞི་པ་འདིའི་ཐོག་ནས་ཐག་ཆོད་ཡོང་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན་ཕྱི་ཟླ་དྲུག་པ་ནས་གྲོས་ཚོགས་འཐུས་མི་གསར་པ་བསྐོ་འདེམས་ཡོང་གི་རེད་ཅེས་གསུངས་པ་དང་། གནད་དོན་ཡོང་སྲིད་པའི་ཚོད་དཔག་གསུམ་པ་དེ་ནི་དབུ་མའི་ཐབས་ལམ་ཞིག་འདོན་རྒྱུ་དེ་ནི་མི་མང་གིས་འོས་འདེམས་བྱེད་པའི་འཐུས་མིའི་ངོས་ནས་༧གོང་ས་མཆོག་གི་འཛིན་སྐྱོང་གི་ཕྱག་ལས་ཐོག་མཉམ་རུབ་ཞུ་རྒྱུ་དང་། དེ་ལྟར་ཡོང་རྒྱུར་ཡང་བསྐྱར་བཅའ་ཁྲིམས་ལ་འགྱུར་བ་ཕྲན་བུའི་གཏོང་དགོས་པ་ཆགས་ཀྱི་རེད་རིང་མིན་གྲོས་བསྡུར་གནང་བའི་སྐབས་གྲོས་འཆམ་ཡོང་སྲིད་པའི་གནད་དོན་གསུམ་དཔེ་མཚོན་དུ་བཞག་གནང་ཡོད་འདུག་ཀྱང་ཁོང་གིས་ད་རེས་གྲོས་ཚོགས་འདི་ནས་སྤྱི་འཐུས་རྣམ་པའི་གྲོས་བསྡུར་ནས་གསལ་པོ་ཆགས་རྒྱུ་ལས་དམིགས་བསལ་འདི་འདྲ་ཞིག་ཡོང་གི་རེད་ཅེས་གསུངས་ཐུབ་ཀྱི་མེད་ལུགས་ཀྱང་གསལ་བཤད་གནང་ཡོད་པ་རེད། གྲོས་ཚོགས་ཁ་ས་ཚེས་བཅུ་གསུམ་ནས་འགོ་ཚུགས་ཏེ་འདི་ཚེས་ཉི་ཤུ་ལྔ་ཉིན་མཇུག་སྒྲིལ་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎