རྒྱ་གར་བྱང་ཕྱོགས་ལས་འགུལ་མཇུག་སྒྲིལ།

བོད་དེ་བཞིན་རྒྱལ་ཁབ་མེད་པར་བཙན་བྱོལ་གྱི་གནས་བབས་ཤིག་ཏུ་གནས་ཡོད་ཀྱང་། རྒྱ་གར་གཞུང་འབྲེལ་དཔོན་རིགས་དང་། སྐུ་ཚབ་རྣམ་པས་བོད་མིའི་གཞུང་འབྲེལ་སྐུ་ཚབ་རྣམ་པར་ཚད་མཐོའི་ཆེ་མཐོང་གནང་འདུག

2013.02.07

༄༅། ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱ་གར་གཞུང་མང་ནས་རྒྱབ་སྐྱོར་ཡོང་བའི་ཆེད་ཕྱི་ལོ་གསར་ཚེས་ནས་བཟུང་།    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཆ་བགོས་ཀྱིས་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། རྒྱ་གར་བྱང་ཕྱོགས་ཁུལ་གྱི་མངའ་སྡེ་དང་ས་གནས་ཁག་ཏུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྐོར་བསྐྱོད་མཇུག་བསྒྲིལ་དང་བསྟུན།    དེ་རིང་ཕྱི་ཚེས་༧ཉིན་བཞུགས་སྒར་དྷ་རམ་ས་ལའི་ཀ་ཅཱ་རིར་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་འདུག    སྐབས་དེར་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས། སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། སྤྱི་འཐུས་གངས་ལྷ་མོ་ལགས། སྤྱི་འཐུས་རྨོག་རུ་བསྟན་པ་ལགས། དྷ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས། རྒྱ་གར་བ་དང་བཅས་ཕྱི་ནང་གསར་འགོད་པ་ ༢༠ བརྒལ་བ་ལྷན་འཛོམས་བྱུང་འདུག
སྤྱི་འཐུས་ཀྱི་སྐུ་ཚབ་རྣམ་པས་གསར་འགོད་ལྷན་ཚོགས་དེའི་ཐོག་འགྲེལ་བརྗོད་གནང་སྐབས། སྤྱི་ཡོངས་ཀྱི་བོད་ཀྱི་གནས་སྟངས་ཛ་དྲག་དེ་བཞིན་རྒྱ་གར་གྱི་དཔོན་རིགས་མང་པོ་ཞིག་བརྗེ་པོ་ཐེབས་འགྲོ་སྐབས། ཁོང་ཚོར་མཁྱེན་རྟོགས་ཡག་པོ་ཞིག་ཡོང་ཐུབ་ཀྱི་མེད་པ་དང་།    བོད་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་པའི་རྒྱལ་སྤྱིའི་ནང་དྲིལ་བསྒྲགས་ཡོང་ཐུབ་ཀྱི་མེད་པར་བརྟེན།    ད་རེས་ཀྱི་ཞུ་གཏུག་གི་ལས་འགུལ་དེ་སྤེལ་བ་ཞིག་ཡིན་སྐོར་སོགས་གསུངས་ཡོད་པ་རེད།    འདས་པའི་ཟླ་བ་གཅིག་ལྷག་གི་ལས་འགུལ་སྐབས་ཉམས་མྱོང་ལ་གཞིགས་ནས་ངོ་སྤྲོད་གནང་སྐབས།    བོད་དེ་བཞིན་རྒྱལ་ཁབ་མེད་པར་བཙན་བྱོལ་གྱི་གནས་བབས་ཤིག་ཏུ་གནས་ཡོད་ཀྱང་།    རྒྱ་གར་གཞུང་འབྲེལ་དཔོན་རིགས་དང་།    སྐུ་ཚབ་རྣམ་པས་བོད་མིའི་གཞུང་འབྲེལ་སྐུ་ཚབ་རྣམ་པར་ཚད་མཐོའི་ཆེ་མཐོང་གནང་སྐོར་ངོ་སྤྲོད་གནང་འདུག
ཐ་མ་ལས་འགུལ་མཇུག་བསྡོམས་ཀྱི་ཚུལ་དུ་དགོང་དྲོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་མཉམ་བཞུགས་ཀྱིས་བཞུགས་སྒར་མེག་ལོཌ་གྷན་ཇིར་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎