ཨ་སམ་ནས་བོད་དོན་རྒྱབ་སྐྱོར།


2013.05.16
ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཀྲིར་བོད་མི་མང་སྤྱི་འཐུས་རྣམ་པས་ཞུ་གཏུག་གི་ལས་འགུལ་གནང་བཞིན་པ།
སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས།

༄༅།    །དེ་རིང་ཕྱི་ཚེས་ ༡༦ ཉིན་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཀྲིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཚོགས་ཆུང་ནས་ཉིན་དྲུག་གི་ལས་འགུལ་མཇུག་བསྒྲིལ་ཞུས་པ་དང་འབྲེལ། གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཞིག་གནང་འདུག ཞུ་གཏུག་ལས་འགུལ་བ་སྤྱི་འཐུས་གསུམ་ནས་ཨ་སམ་མངའ་སྡེའི་ཆབ་སྲིད་དབུ་ཁྲིད་རྣམ་པ་དང་། གཞུང་ཞབས། མཁས་དབང་ཁག་བཅས་ནས་བོད་དོན་འཐབ་རྩོད་ལ་བཅོས་མིན་གྱི་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོང་བ་ཡིག་ངག་གཉིས་ཐོག་ནས་ཞུས་འདུག    ཕྱོགས་མཚུངས་ཨ་སམ་མངའ་སྡེའི་དབུ་ཁྲིད་རྣམ་པས་བོད་དོན་དཀའ་རྙོག་སེལ་ཐབས་སུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཐེ་བྱུས་དགོས་སྐོར་དང་། མངའ་སྡེའི་ནང་གི་སྲིད་དོན་ཚོགས་པ་ཚོས་བོད་དོན་གྲོས་ཆོད་གྲོས་ཚོགས་སུ་སླེབས་ཚེ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག
སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་།    སྤྱི་འཐུས་ཟླ་སྒྲོན་ཤར་གླིང་ལགས།    དེ་བཞིན་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་བཅས་ནས་ད་རེས་ཀྱི་ལས་འགུལ་དེའི་སྐབས་ཨ་སམ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཇེ་བི་པཊ་ན་ཡེག་(Mr.J B.Patnaik)མཆོག་དང་།    མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་གཞོན་པ་སྐུ་ཞབས་བི་མ་ནནྡ་ཏན་ཏི་ (Shri Bhimananda Tanti )མཆོག་གི་དབུས་པའི་མངའ་སྡེའི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་ནས་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་གནང་སྐབས།    ཁོང་རྣམ་པས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎