རྒྱ་ནག་གིས་རྒྱ་གར་ས་མཚམས་སུ་འཛུལ་ཞུགས་བྱས་དོན་སྐོར།

བཀའ་ཁྲི་མཆོག་ནས་རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་ནང་འཛུལ་ཞུགས་བྱས་པ་དེ་འཁྲུག་རྐྱེན་སློང་རྒྱུའི་བྱ་བ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས།

2009.09.14

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་ནང་འཛུལ་ཞུགས་བྱས་པ་དེ་འཁྲུག་རྐྱེན་སློང་རྒྱུའི་བྱ་བ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་འདུག ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐོག་རྒྱ་གར་ངོས་ནས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་བྱེད་དགོས་པ་དང་རྒྱ་ནག་གི་གཏམ་བཤད་ལས་བྱ་སྤྱོད་ལ་དོ་སྣང་ཆེ་བ་གནང་དགོས་སྐོར་གསུངས་འདུག ཡང་ཟམ་གདོང་རིན་པོ་ཆེ་མཆོག་ནས་རྒྱ་ནག་གིས་རྒྱ་གར་གྱི་ས་ཐོག་འཛུལ་ཞུགས་བྱེད་པ་དེ་བྱང་ཤར་ས་ཁུལ་ཙམ་མ་ཟད་ནུབ་ཕྱོགས་ལ་དྭགས་ཀྱི་ས་ཁུལ་ནང་ལའང་འཛུལ་ཞུགས་བྱས་པ་དེས་ལ་དྭགས་ཀྱི་འབྲོག་པ་རྣམས་ལ་བསུན་བཙིར་བཟོས་ཡོད་པ་རེད་ཅེས་གསུངས་འདུག ཡང་ཁོང་ནས་རྒྱ་མིས་རྒྱ་གར་གྱི་སའི་ནང་གང་འཚམས་འཛུལ་ཞུགས་བྱས་ཡོད་པ་མ་ཟད་རྒྱ་གར་གྱི་སའི་ནང་གི་རྡོ་ཁག་ཅིག་ལ་མཚོན་ཁྲ་བྱུག་ཡོད་པ་རེད། ཁོང་ཚོའི་དམིགས་ཡུལ་ཇི་ཡིན་ང་ཚོས་མ་ཤེས་ཀྱང་བྱེད་བབ་དེ་ངོས་ལེན་གནང་ཐབས་མེད་པ་རེད་ཅེས་གསུངས་འདུག རྒྱ་གར་གྱི་དཔོན་རིགས་ཚོས་རྒྱ་ནག་གི་དམག་མི་རྒྱ་གར་གྱི་ལ་དྭགས་ས་ཁུལ་གྱི་རྒྱ་ལ་ཞེས་པའི་ས་ཐོག་ཀི་ལོ་མི་ཊར་གཅིག་དང་ཕྱེད་ཀའི་འགྱང་ཁད་ནང་འཛུལ་ཞུགས་བྱས་ཡོད་སྐོར་དང་ཁོང་ཚོས་རྒྱ་གར་གྱི་ས་ཐོག་རྡོ་ཁག་ཅིག་ལ་རྒྱ་ནག་ཅེས་བརྗོད་ཚིག་བཀོད་སྐོར་གསུངས་འདུག རྒྱ་ལ་ཞེས་པའི་རི་དེ་བོད་དང་རྒྱ་གར་གྱི་ཇ་མུ་ཀ་ཤི་མིར་མངའ་སྡེའི་ལ་དྭགས་ས་ཁུལ་དང་ཧི་མ་ཅལ་པཱར་རྡེཤ་མངའ་སྡེའི་སྤི་ཏི་ས་ཁུལ་དང་ས་འབྲེལ་འཁེལ་གྱི་ཡོད་པ་རེད། གོང་ཞུས་རྒྱ་ནག་གི་དམག་མི་རྒྱ་གར་གྱི་ཐོག་འཛུལ་ཞུགས་བྱས་པའི་གནས་ཚུལ་དེ་གཅིག་པུ་མིན་ཅིང་དཔེར་ན་འདི་ལོ་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་གཅིག་ཉིན་རྒྱ་ནག་གི་ཐད་འཕུར་གནམ་གྲུ་རྒྱ་གར་གྱི་ལ་དྭགས་ཀྱི་ཆུ་དམར་ས་ཁུལ་ནང་འཛུལ་ཞུགས་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། ཡིན་ནའང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཨེསི་ཨེམ་ཀི་རིཤ་ན་ཡིས་དེའི་ཐོག་བློ་འཚབ་དེ་ཙམ་བཏོན་མ་གནང་བ་མ་ཟད་རྒྱ་གར་གྱིས་དེའི་ཐོག་གདོང་ལེན་བྱེད་རྒྱུའི་ཆ་རྐྱེན་ཡོད་སྐོར་གཏམ་བཤད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎