གཏེར་ཁ་སྔོག་འདོན་ལ་ངོ་རྒོལ།


2013.05.28
རྒྱ་གཞུང་ནས་གཏེར་ཁ་བསྔོགས་འདོན་བྱས་པར་བོད་མིས་ངོ་རྒོལ།
བོད་ནས་བཏང་འབྱོར།

༄༅།    །ཟླ་བ་འདིའི་ཚེས་༢༤ཉིན་རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་གི་གནས་རི་གྲགས་ཅན་ནགས་ལྷ་ཛམ་བྷ་ལར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་བརྩམས་པར་བརྟེན་ནས་ས་གནས་མི་མང་གི་ངོ་རྒོལ་ཤུགས་ཆེན་གནང་འདུག ཁམས་འབྲི་རུ་རྫོང་ནགས་ཤོད་པད་དཀར་ཤང་ཡན་དང་རྩ་ལ་ཤང་ཚུན།    དེ་བཞིན་ནག་ཆུ་ཁུལ་དུ་གནས་སྡོད་མི་མང་༤༥༠༠ལྷག་དང་།    རླངས་འཁོར་༡༠༠༠ལྷག་སླེབས་ནས་གནས་རི་དེ་ནས་གཏེར་ཁ་སྔོག་འདོན་བྱེད་པར་ངོ་རྒོལ་གྱིས་ནགས་ལྷའི་ཉེ་འགྲམ་ཟླ་ཐང་ཤང་དུ་འཛོམས་ཡོད་འདུག    ཚེས་༢༥ ཉིན་རྒྱ་ནག་གཞུང་གི་དམག་མིའི་རླངས་འཁོར་ཆེ་ཆུང་༥༠ལྷག་མི་མང་འདུ་འཛོམས་བྱེད་སར་སླེབས་ཡོད་ལ། ས་གནས་མི་མང་དང་དམག་མིའི་དབར་གདོང་ཐུག་ཡོང་ཉེན་གྱི་ཛ་དྲག་གནས་སྟངས་ཆགས་འདུག རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་འཆར་གྱི་གྲ་སྒྲིག་ཆ་ཚང་བྱས་ཡོད་ཀྱང་། ས་གནས་མང་ཚོགས་ནས་ངོ་རྒོལ་ཤུགས་ཆེན་བྱུང་བར་བརྟེན།    ལམ་བཟོ་བ་དང་། གློག་བསྒྱུར་ས་ཚིགས་འཛུགས་སྐྲུན་གྱིས་ས་གནས་མང་ཚོགས་ལ་ཕན་བདེ་བསྒྲུབ་རྒྱུའི་འཆར་གཞི་ཡོད་པའི་སྐོར་དང་།    ཡང་མི་མང་གི་ཞུ་འབོད་ཁག་ཅིག་ཁས་ལེན་བྱ་རྒྱུ་ཡིན་ཚུལ་གྱི་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎