སུད་སི་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་འདུག


2017.01.17
སུད་སིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་སྲིད་འཛིན་ཞེ་ལ་ངོ་རྒོལ། ༢༠༡༧།༡།༡༥ སུད་སིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་སྲིད་འཛིན་ཞེ་ལ་ངོ་རྒོལ། ༢༠༡༧།༡།༡༥
མཐུན་འགྱུར་པར་རིས།

རྒྱ་ནག་གི་སྲིད་འཛིན་སུད་སིར་འབྱོར་སྐབས་བོད་མི་ཚོའི་ངོ་རྒོལ་ལས་འགུལ་ལ་ཚད་བཀག་དང་འཇུ་བཟུང་བྱས་བར་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་སུད་སི་ནང་འབྱོར་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་སྐད་འབོད་བྱས་པའི་སྐབས་སུད་སི་གཞུང་གིས་བཀག་འགོག་འཛིན་བཟུང་བྱས་བར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྐྱོན་བརྗོད་གནང་འདུག
དེ་ཡང་ཕྱི་ཟླ་དང་པོའི་ཚེས་༡༧་རེས་གཟའ་མིག་དམར་ནས་སུད་སི་ས་གནས་ Davos་ནང་སྐོང་ཚོགས་གནང་རྒྱུའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཚོགས་འདུའི་ནང་། རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་Xi Jinping་མཉམ་ཞུགས་བྱེད་ཀྱི་ཡོད་པར་བརྟེན། ཕྱི་ཟླ་དང་པོའི་ཚེས་༡༥་རེས་གཟའ་ཉི་མའི་ཉིན་སུད་སི་དང་ལེཊ་ཀྲན་སི་ཀྲན་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་སུད་སི་གྲོང་ཁྱེར་Bern་ནང་འདུ་འཛོམས་ཀྱིས་ཁྲིམས་མཐུན་དང་ཞི་བའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་རྣོ་ངར་ཆེན་པོས་སྤེལ་ཡོད་པ་རེད། སྐབས་དེར་བོད་མི་ཞིག་གིས་ངོ་རྒོལ་ལས་འགིལ་དང་མཉམ་རང་ལུས་མེར་བསྲེག་གཏོང་རྩིས་བྱས་ཡོད་ཀྱང་སུད་སི་ཉེན་རྟོག་པས་བཀག་འགོག་བྱས་ཡོད་པ་མ་ཟད། ད་དུང་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་༣༢་ཙམ་འཛིན་བཟུང་བྱས་ནས་དུས་ཡུན་གང་མཚམས་རྗེས་ཁོང་རྣམས་གློད་བཀྲོལ་བཏང་ཡོད་འདུག
སུད་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་མིག་དམར་དར་སྐྱིད་ལགས་ཀྱིས། སུད་སི་གཞུང་གིས་རྒྱ་ནག་དང་ཚོང་འབྲེལ་ཙམ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་མང་པོ་བཙོན་འཇུག་བྱེད་ཀྱི་ཡོད་མ་ཟད། བོད་མི་དམར་གསོད་གཏོང་བའི་རྒྱ་ནག་གཞུང་གི་དྲག་སྤྱོད་ལ་སུད་སི་རྒྱལ་ཁབ་ཀྱི་མི་སེར་ནས་ངོ་རྒོལ་ལས་འགུལ་སྤེལ་བར་བཀག་འགོག་བྱེད་ཐབས་བྱས་པ་མ་ཟད། འཛིན་བཟུང་བྱས་པའི་གནང་སྟངས་དེ་ཚོར་ངོ་གནོང་དགོས་བ་ཡིན་ཚུལ་སྐྱོན་བརྗོད་བྱས་ཡོད་པ་རེད།
ད་རེས་ཀྱི་ངོ་རྒོལ་ལས་འགུལ་དེའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ཡུ་གུར་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཁྱོན་མི་གྲངས་༧༠༠་ནས་༨༠༠་བར་མཉམ་ཞུགས་གནང་ཡོད་པའི་ཚོད་རྩིས་གནང་གི་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎