བོད་མི་ཞིག་ལ་རྒྱལ་སྤྱིའི་དཔར་སྐྲུན་རང་དབང་གི་བྱ་དགའ།

ཇེ་རི་ལེ་སྦར་རྒྱལ་སྤྱིའི་དཔར་སྐྲུན་རང་དབང་གི་བྱ་དགའ་དེ་དེང་སྐབས་བོད་ཀྱི་བཙོན་ཁང་དུ་ཡོད་པའི་དཔལ་འབྱོར་ནོར་བུ་ལགས་སུ་གནང་འདུག

2009.04.17

༄༅༎ཇེ་རི་ལེ་སྦར་ཞེས་པའི་རྒྱལ་སྤྱིའི་དཔར་སྐྲུན་རང་དབང་གི་བྱ་དགའ་དེ་དེང་སྐབས་བོད་ཀྱི་བཙོན་ཁང་དུ་ཡོད་པའི་བོད་པའི་དཔར་པ་དགུང་གྲངས་༨༡ལ་ཕེབས་པ་སྐུ་ཞབས་དཔལ་འབྱོར་ནོར་བུ་ལགས་སུ་གནང་འདུག

དེང་སྐབས་བཙོན་ཁང་དུ་ཡོད་པའི་དཔར་པ་སྐུ་ཞབས་དཔལ་འབྱོར་ནོར་བུ་ལགས་ཀྱིས་སྲིད་དོན་གྱི་འགོག་རྐྱེན་དང་ཉེན་ཁར་མ་འཛེམས་པར་བོད་མིའི་དཔར་སྐྲུན་རང་དབང་གི་ཆེད་དུ་ཕྱག་ལས་གནང་བར་བསྔགས་བརྗོད་མཚོན་ཆེད་དུ་ཇེ་རི་ལེ་སྦར་ཞེས་རྒྱལ་སྤྱིའི་དཔར་སྐྲུན་རང་དབང་གི་བྱ་དགའ་ཁོང་ལ་ཕུལ་རྒྱུ་ཡིན་པ་རྒྱལ་སྤྱིའི་དཔར་སྐྲུན་རང་དབང་ཚོགས་ཆུང་གིས་ཕྱི་ཚེས་བཅུ་དྲུག་ཉིན་གསལ་བསྒྲགས་ཤིག་སྤེལ་འདུག

ན་ནིང་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་བོད་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་བོད་མི་མང་པོ་ཞིག་འཛིན་བཟུང་བཙོན་བཅུག་བྱས་པ་དང་དུས་མཚུངས་ན་ནིང་ཕྱི་ཟླ་བཅུ་པའི་ཚེས་སུམ་ཅུ་སོ་གཅིག་དགོང་མོར་རྒྱ་ནག་གཞུང་འབྲེལ་གྱི་ཉེན་རྟོག་པས་དཔལ་འབྱོར་ནོར་བུ་ལགས་ཁྱིམ་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད། ད་ལྟ་ཁོང་གང་དུ་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ཤེས་ཀྱི་མེད་ནའང་གནས་ཚུལ་ཡོངས་ཁུངས་ལ་གཞིགས་ན་ནིང་ཕྱི་ཟླ་བཅུ་གཅིག་ནང་རྒྱ་ནག་གཞུང་གིས་སྐུ་ཞབས་དཔལ་འབྱོར་ནོར་བུ་ལགས་གསང་བའི་ངང་ལོ་བདུན་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། བོད་ཀྱི་སྲོལ་རྒྱུན་གྱི་དཔར་པ་དཔལ་འབྱོར་ནོར་བུ་ལགས་སུ་ཇེ་རི་ལེ་སྦར་ཞེས་པའི་རྒྱལ་སྤྱིའི་དཔར་སྐྲུན་རང་དབང་གི་བྱ་དགའ་དེ་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་ཨ་རིའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ལོ་འཁོར་མཉམ་འཛོམས་ཐོག་འབུལ་རྒྱུ་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎