བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ལྷན་ཚོགས་ཐེངས་༡༣པ་ཕྱིར་འགྱངས་གནང་བ།


2018.11.24
བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ལྷན་ཚོགས་ཐེངས་༡༣པ་ཕྱིར་འགྱངས་གནང་བ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག
དབུས་བོད་མིའི་སྒྲིག་འཛུགས།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་གིས་སྤྱི་ཚེས་༢༤འཁོད་པའི་གསལ་བསྒྲགས་ཤིག་སྤེལ་གནང་འདུག དེའི་ནང་ཉེ་ཆར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དུ་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་མྱ་ངན་གུས་བཏུད་མཚོན་ཕྱིར་དང་། སྔ་འགྱུར་རྙིང་མ་གཙོ་གྱུར་བླ་སྤྲུལ་མཁན་སློབ་ཆེ་ཁག་གཞན་མང་པོ་ཞིག་ཡང་གོང་གསལ་གནས་ཚུལ་ལ་བརྟེན་ནས་ལྷན་ཚོགས་ཐོག་ཕེབས་སྟབས་མི་བདེ་བ་འགྱུར་ངེས་ཀྱི་རྒྱུ་མཚན་ལ་གཙོ་བོར་བརྟེན་ནས། བཞུགས་སྒར་དྷ་རམ་ས་ལར་༢༠༡༨ལོའི་ཟླ་ ༡༡ ཚེས་ ༢༩ ནས་ཟླ་ ༡༢ ཚེས་ ༡ བར་ཉིན་གྲངས་གསུམ་རིང་བསྐྱང་གནང་རྒྱུའི་བོད་ཀྱི་ཆོས་བརྒྱུད་ཆེ་བ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམ་པའི་ལྷན་ཚོགས་ཐེངས་ ༡༣ པ་དེ་བཞིན་རེ་ཞིག་དུས་ཚེས་ངེས་མེད་བར་ཕྱིར་འགྱངས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གནང་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎