བོད་མི་ཞིག་ལ་ལོ་༡༣ ཁྲིམས་བཅད།

མདོ་སྨད་རེབ་གོང་དུ་བོད་མི་འཕགས་པ་ཞུ་བར་ཆེད་མངགས་མི་བསད་པའི་ཉེས་མིང་བཙུགས་ནས་ལོ་དགུ་དང་། རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་གི་ཉེས་མིང་བཙུགས་ནས་ལོ་ལྔ་བཅས་ཁྱོན་ལོ་༡༣གྱི་ཁྲིམས་ཐག་བཅད་འདུག

2013.02.08

༄༅།    །དེ་རིང་ཕྱི་ཟླ་གཉིས་པའི་ཚེས་༨ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་བོད་མི་འཕགས་པ་ཞུ་བར་ཆེད་མངགས་མི་བསད་པའི་ཉེས་མིང་བཙུགས་ནས་ལོ་དགུ་དང་། རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་གི་ཉེས་མིང་བཙུགས་ནས་ལོ་ལྔ་བཅས་ཁྱོན་བསྡོམས་ནས་ལོ་༡༣གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་བཅད་པའི་ཁྲིམས་ཐག་ལ་གཞིགས་ན། བོད་མི་འཕགས་པ་ཡིས་མི་གཞན་པས་རང་ལུས་མེར་སྲེག་གཏོང་རྒྱུར་ངན་སྐུལ་དང་། སླུ་འདྲིད། སྐུལ་སློང་བྱས་ཡོད་པས་བྱ་སྤྱོད་དེ་ཆེད་དམིགས་ཀྱི་མི་བསད་པའི་ཉེས་པ་བསགས་པ་དང་། ཁོང་གིས་མི་མང་པོར་ཁྲིམས་འགལ་ཁྲོམ་སྐོར་བྱ་རྒྱུ་འགོ་ཁྲིད་དེ།    བོད་རང་བཙན་གྱི་གཏམ་བསྒྲགས་ནས་རྒྱལ་ཁབ་ཁ་བྲལ་གྱི་ལས་ལ་ཞུགས་ཡོད་སྐོར་ངོ་སྤྲོད་དང་འབྲེལ།    བྱ་སྤྱོད་དེ་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་གི་ཉེས་པ་བསགས་ཡོད་ཅེས་བཀོད་འདུག
རྒྱ་ནག་གཞུང་གིས་སྔ་རྗེས་བོད་མིའི་རང་ལུས་མེར་སྲེག་དོན་རྐྱེན་གྱི་ངོ་བོ་ཟེར་བའི་བརྙན་པར་གསུམ་རྒྱ་ནག་དབུས་བརྙན་འཕྲིད་ལས་ཁུངས་ཀྱིས་བསྟུད་མར་བཏོན་ནས་སྐད་ཡིག་ལྔ་དྲུག་ཅིག་གིས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་སྔ་རྗེས་སུ་བོད་མིའི་རང་ལུས་མེར་སྲེག་དོན་རྐྱེན་ལ་ངན་སྐུལ་བྱས་པའི་ཉེས་མིང་བཙུགས་ནས་མདོ་སྨད་རྔ་བ་རུ་བོད་མི་གཅིག་ལ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཁྲིམས་དང་གཞན་ཞིག་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ལ། བླ་བྲང་བསང་ཆུ་རྫོང་དུ་བོད་མི་དྲུག་ལ་ལོ་གསུམ་ནས་༡༢བར་གྱི་བཙོན་འཇུག་ཁྲིམས་ཁག་བཅད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎