ཀན་ལྷོ་ཁུལ་གྱི་བོད་མི་དྲུག་ལ་ཁྲིམས་ཐག་བཅད་འདུག

རྒྱ་ནག་གཞུང་གིས་མདོ་སྨད་ཀན་ལྷོ་ཁུལ་གྱི་བོད་མི་དྲུག་དང་རྔ་བ་ཁུལ་གྱི་བོད་མི་གཉིས་ལ་སོ་སོར་མང་ཤོས་ལ་སྲོག་ཁྲིམས་ནས་ལོ་བཅུ་དང་ཉུང་ཤོས་ལོ་གསུམ་བཅས་ཀྱི་ཁྲིམས་ཆད་ལྗིད་མོ་བཅད་འདུག

2013.02.01

དེ་ཡང་རོས་ཡེ་ཌིར་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་༣༡ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁྲིམས་ཁང་གིས་མདོ་སྨད་བླ་བྲང་བསང་ཆུའི་བོད་མི་དྲུག་ལ་ལོ་བཅུ་གཉིས་ནས་ལོ་གསུམ་བར་གྱི་ཁྲིམས་ཆད་བཅད་ཡོད་པ་དང་། ཁོང་ཚོ་ནི་ན་ནིང་གི་ཕྱི་ཟླ་༡༠པའི་ཚེས་༢༣ཉིན་བོད་མི་རྡོ་རྗེ་རིན་ཆེན་གྱིས་བླ་བྲང་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་བསྲེག་བཏང་བའི་རྗེས་སུ། ཉེན་རྟོག་པའི་ལག་ནས་སྐུ་ཕུང་འཕྲོག་པ་དང་། ས་གནས་ནས་མི་མང་ནང་སྐད་འབོད་ཀྱིས་མི་མང་བསྡུ་རུབ་བྱེད་མཁན་ཡིན་ཚུལ་སོགས་ཀྱི་ནག་ཉེས་བཙུགས་ཏེ། བླ་བྲང་བསང་ཆུ་རྫོང་ཁྲིམས་ཁང་གིས་ཁོང་ཚོར་བསམ་བཞིན་མི་བསད་པའི་ཉེས་མིང་བཏག་ནས་པདྨ་དོན་གྲུབ་ལ་ལོ་༡༢དང་། སྐལ་བཟང་རྒྱ་མཚོར་ལོ་༡༡ པདྨ་འཚོ་ལ་ལོ་༨ ལྷ་མོ་དོན་གྲུབ་ལ་ལོ༧ ད་དུང་དཀྲོག་གཏམ་འུར་སྒྲོག་གིས་སྤྱི་བའི་འགྲུལ་སྐྱོད་ལ་བར་ཆད་བཟོས་པའི་ཉེས་མིང་འོག་གདུག་དཀར་སྐྱབས་ལ་ལོ་༤་དང་། གཡང་མོ་སྐྱིད་ལ་ལོ་༣་བཅས་ཀྱི་དུས་བཀག་ཁྲིམས་ཐག་བཅད་འདུག

དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་བསྲེག་དོན་རྐྱེན་དང་འབྲེལ་བ་ཡོད་ཚུལ་གྱིས་བོད་མི་མང་པོ་ཞིག་ལ་བསམ་བཞིན་མི་བསད་པའི་ནག་ཉེས་སོགས་བཙུགས་ནས་འཛིན་བཟུང་དང་། ཁྲིམས་ཆད་ནན་མོ་གཅོད་བཞིན་པ་དེར་རྒྱལ་སྤྱིའི་ཐོག་བློ་འཚབ་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། དེ་རིང་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་། སྤྱི་འཐུས་ལྷན་ཁང་གཉིས་ཀྱི་ངོས་ནས་རྒྱ་ནག་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་གནང་ཞོར་དོན་རྐྱེན་དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་དོ་ཁུར་ཡོང་བའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎