བོད་ཀྱི་གནད་དོན་རྒྱ་ནག་གཞུང་དང་གླེང་སློང་བྱེད་དགོས།

མཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་མཇར་མི་ནེ་གཞུང་གིས་བོད་ཀྱི་གནད་དོན་རྒྱ་ནག་གཞུང་དང་མཉམ་གླེང་སློང་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག

2013.01.29

དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་སྤེལ་དོན། ཕྱི་ཟླ་དང་པོའི་ཚེས་༢༥ ནས་༢༧ བར་གྱི་ཉིན་གྲངས་གསུམ་རིང་མཇར་མན་ནང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཚོགས་འདུའི་སྐབས། ༢༠༠༩ ནས་བཟུང་ད་བར་དུ་བོད་ནང་ནས་བོད་མི་༩༩ རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེག་བཏང་བའི་གནད་དོན་ཐད་གྲོས་བསྡུར་གནང་ཡོད་པ་དང་། རྒྱ་ནག་གཞུང་གི་མཁྲེག་འཛིན་སྲིད་ཇུས་ཀྱི་རྐྱེན་པས་བོད་མི་མང་པོ་ཞིག་གིས་རང་ལུས་མེ་བསྲེག་བཏང་བའི་ཛ་དྲག་གི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཡོད་པ་བསྟན་ཐོག། བོད་ནང་དུ་ཁ་ཡོད་ལག་ཡོད་ཀྱི་འགྱུར་བ་ཞིག་ཡོང་ཐབས་ལ་ང་ཚོས་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ལ་བོད་མི་ཚོས་འཚེ་མེད་ཞི་བའི་སྒོ་ནས་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་ཐོབ་ཐང་ཡོད་པ་ང་ཚོས་ཁས་ལེན་བྱེད་ཀྱི་ཡོད། ད་ལྟའི་སྐབས་སུ་བོད་ནང་གི་བོད་མི་ཚོའི་དངོས་ཡོད་ཀྱི་དཀའ་ངལ་རྣམས་ཞིབ་ཕྲ་ཤེས་རྟོགས་དཀའ་བར་བརྟེན་ནས་ཁོང་རྣམས་ཀྱིས་ཐག་གཅོད་གང་གནང་བར་ང་ཚོས་བརྩི་བཀུར་ཞུ་བཞིན་ཡོད། འོན་ཀྱང་བོད་མི་ཚོས་རང་ལུས་མེ་བསྲེག་གཏོང་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་ཀྱི་ཡོད་པ་དེ་ངོས་འཛིན་གསལ་པོ་བྱ་རྒྱུ་གལ་འགངས་ཆེན་པོ་རེད། བོད་ནང་གི་གནས་སྟངས་བཟང་ཕྱོགས་སུ་འགྱུར་བ་འགྲོ་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་ཐད་ང་ཚོིས་མཇན་མན་གཞུང་དང་རྒྱལ་སྤྱིའི་ཐོག་ལ་འབོད་སྐུལ་ཞུ་ཞོར་མཇར་མི་ནེ་གཞུང་གིས་བོད་ཀྱི་གནད་དོན་རྒྱ་ནག་གཞུང་དང་མཉམ་གླེང་སློང་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎