ཁེ་ན་ཌར་བོད་མི་གནས་སྤོ།


2013.03.22
རིང་མིན་བོད་མི་ཁག་ཅིག་གནང་སྤོ་བྱ་ཡུལ་གྱི་རྒྱལ་ཁབ་ཁེ་ན་ཌ།
ཝི་ཀི་པི་ཌི་ཡ།

༄༅།    །ཁེ་ན་ཌར་བོད་མི་ཆིག་སྟོང་གནས་སྤོ་བྱ་རྒྱུའི་ལས་གཞིའི་འོག    རྒྱན་ཤོག་འཕངས་ནས་རྒྱན་ཐོབ་པའི་བོད་མི་གྲངས་ ༨༩༠ ཡོད་པའི་ཁོངས་ནས་མི་གྲངས་ ༢༠༤ ཆེད་མགྲོན་ཤོག་གི་འགེངས་ཤོག་དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༩ ཉིན་འབྱོར་ཡོད་པ་རེད་འདུག    དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གསལ་བསྒྲགས་གཞིར་བཟུང་བྱས་ན།    མགྲོན་ཤོག་གི་འགེངས་ཤོག་འབྱོར་བའི་མི་གྲངས་ ༢༠༤ ནས་རྒྱ་གར་བྱང་ཤར་ཏི་ཛུ་དར་རྒྱས་གླིང་ནས་མི་གྲངས་ ༦༤ དང་ཀྲུ་ཀྲིང་ནས་མི་གྲངས་ ༣༧  མིའོ་གཞིས་ཆགས་ནས་མི་གྲངས་ ༧༩ ཡོད་པས་མ་ཟད། བསྟན་འཛིན་སྒང་ནས་མི་གྲངས་ ༢༤ བཅས་བསྡོམས་མི་གྲངས་ ༢༠༤ ལ་འབྱོར་འདུག མགྲོན་ཤོག་འབྱོར་བའི་མི་གྲངས་ ༢༠༤ ཡོད་པ་རྣམས་ལ་ འདི་ལོའི་ཕྱི་ཟླ་ ༥ ནང་དྲི་རྩད་དང་ཁོང་རྣམས་ཀྱི་གཟུགས་གཞི་བདེ་འཕེར་ཡིན་མིན་སྨན་པའི་བརྟག་དཔྱད་བྱ་རྒྱུ་གཏན་འཁེལ་བྱུང་འདུག  ཁེ་ན་ཌའི་གཞུང་ཚབ་ལས་ཁུངས་ཀྱིས་ཨ་རུ་ན་ཅལ་མངའ་སྡེ་ནས་རྒྱན་ཤོག་ཐོབ་པ་རྣམས་ལ་སྟབས་བདེའི་ཆེད་ཨ་སམ་མངའ་སྡེའི་གྲོང་ཁྱེར་Tinsukia དང་སྡིབ་རུ་གྷར་ Dibugrah ནང་འདྲི་རྩད་དང་གཟུགས་གཞི་བརྟག་དཔྱད་གནང་རྒྱུ་མ་ཟད། ཐེངས་འདིར་ཁེ་ན་ཌའི་གཞུང་ཚབ་ལས་ཁང་གིས་ཕྱི་མི་གཞིས་སྤོ་བྱ་རྒྱུའི་དོད་Immigration Fees འབུལ་མི་དགོས་པའི་བོད་མི་རྣམས་ལ་ཆག་ཡང་གནང་སྟབས། ཁེ་ན་ཌའི་སྒོར་མོ་བཞི་འབུམ་ལྔ་ཕྲིའམ་རྒྱ་གར་ཧིན་སྒོར་ས་ཡ་༢༤ ཙམ་བོད་མི་རྣམས་ནས་གནང་མི་དགོས་པའི་ཁེ་ཕན་བྱུང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎