བོད་དོན་རེ་འབོད།


2013.07.04
Catalonia གྲོས་ཚོགས།
ཝི་ཀི་པི་ཌི་ཡ།

༄༅།    །བོད་མི་མང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཕྱི་ཚེས་༡ཉིན་སེ་པན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པའི་ཚད་མཐོའི་རང་སྐྱོང་གི་བདག་དབང་ཡོད་པའི་Cataloniaམངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དབུས་པའི་འབྲེལ་ཡོད་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཞུས་ཏེ། བོད་ནང་གི་བོད་མིའི་གནས་སྟངས་དང་དཀའ་སྡུག་སྐོར་གསལ་བཤད་དང་འབྲེལ། Catalonia གྲོས་ཚོགས་ནང་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ཞིག་གསར་འཛུགས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་ལུགས་བོད་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག
ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་  Catalonia གྲོས་ཚོགས་ཀྱི་ཚོགས་གཙོས་གཙོས་པའི་ཕྱི་འབྲེལ་སྡེ་ཚན་གྱི་འཐུས་མི་རྣམ་པ་དང་། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་མཚན་གནས་ཡོད་པའི་འཐུས་མི་རྣམ་པ། གཞན་ཡང་འགྲོ་བ་མིའི་ཐོབ་ཐང་གི་འཐུས་མི་སོགས་དང་མཇལ་འཕྲད་སྐབས། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པ་ནས་བཟུང་ བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་ཇུས་མདུན་བསྐྱོད་བཏང་བར་བརྟེན། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་ད་བར་བོད་མི་ ༡༡༩ བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་རང་ལུས་མེར་སྲེག་བཏང་ཡོད་པ་དང་། རྣམ་པ་འདྲ་མིན་གྱི་སྒོ་ནས་རྒྱུན་ཆད་མེད་པར་ཞི་རྒོལ་བྱུང་བཞིན་པ་དང་། ལས་འགུལ་དེ་ཚོའི་ཁྲོད་རྒྱ་ནག་གཞུང་གིས་གདུག་རྩུབ་ཀྱི་སྲིད་བྱུས་ཁོ་ན་བེད་སྤྱོད་གཏོང་གི་ཡོད་པར་འགྲེལ་བརྗོད་གནང་འདུག་ ལྷག་པར་དུ་བོད་རྒྱུའི་དཀའ་རྙོག་སེལ་ཕྱོགས་ཐད་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་དགོངས་དོན་གཞིར་བཟུང་བོད་རྒྱ་ཞི་མོལ་གནང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་སྐོར་གསལ་འདོན་བཞག  ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ Catalonia གྲོས་ཚོགས་ནང་འབྱུང་འགྱུར་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ཞིག་གསར་འཛུགས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་དེར་ Catalonia གྲོས་ཚོགས་ཀྱི་འབྲེལ་ཡོད་སྐུ་ཚབ་རྣམས་ནས་ཐབས་ཤེས་གང་ཡོང་གནང་རྒྱུ་ཡིན་སྐོར་བཀའ་ལན་གནང་ཡོད་པར་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎