འཇམ་དཔལ་ཡེ་ཤེས་ལགས་འདས་གྲོངས་སུ་གྱུར་བ༎

འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ལུས་བརྒྱ་ཆ་༩༨ཙམ་མེར་བསྲེག་ནས་སྨན་བཅོས་བྱས་ནས་ནུས་པ་མ་ཐོན་པར་འདས་གྲོངས་སུ་ཕེབས་འདུག

2012.03.28

༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཇིང་ཐའོ་རྒྱ་གར་དུ་རྒྱལ་དོན་འཚམས་གཟིགས་སུ་སླེབས་འཆར་དང་བསྟུན་ནས་གཟའ་ཟླ་བའི་ཉིན་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་མི་སྟོང་ཕྲག་གཉིས་ལྷག་ཙམ་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་དགུང་གྲངས་ཉི་ཤུ་རྩ་བདུན་ལ་ཕེབས་ཀྱི་ཡོད་པའི་བོད་མི་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་སྐུ་ལུས་མེར་བསྲེག་བཏང་ཏེ་སྐུ་ལུས་ལ་མེ་འབར་བཞིན་ཁྲོམ་གཞུང་དུ་རྒྱུག་པའི་སྐབས་ས་ལ་གྱེལ་ནས་ས་གནས་དེར་ཡོད་པའི་རྒྱ་གར་ཉེན་རྟོག་པས་འཕྲལ་དུ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་གནང་ཡོད་ཀྱང་  ཁོང་གི་སྐུ་ལུས་ཀྱི་བརྒྱ་ཆ་༩༨ཙམ་མེར་བསྲེག་ནས་ དེ་རིང་གཟའ་ལྷག་པའི་ཉིན་སྨན་བཅོས་བྱས་ནས་ནུས་པ་མ་ཐོན་པར་འདས་གྲོངས་སུ་ཕེབས་ཡོད་འདུག འཇམ་དཔལ་ཡི་ཤེས་ལགས་ལ་སྨན་བཅོས་གནང་མཁན་གྱི་སྨན་པ་ཨེལ་ཀེ་མ་ཁི་ཇ་ཡིས་གསུང་ན་ འཇམ་དཔལ་ཡི་ཤེས་ལགས་ཀྱི་སྙིང་དང་ལུས་པོའི་དབང་རྩ་ཡོངས་རྫོགས་ཐིམ་ནས་འདས་གྲོངས་སུ་ཕེབས་ཟིན་པའི་སྐོར་གསུང་འདུག་ལ་ སྨན་པ་ཁོང་གིས་  སྤྱིར་བཏང་ནས་བྱས་ན་ ལུས་པོའི་རྒྱ་ཆ་༩༨ཙམ་མེས་བསྲེག་ཚར་ཚེ་གསོན་པོར་གནས་ཐུབ་རྒྱུ་ཁག་པོ་ཡིན་པ་གསུང་འདུག འཇམ་དཔལ་ཡེ་ཤེས་ལགས་དམ་པ་འདི་ཉིད་ ཕ་ཡུལ་ཁམས་རྟའུ་ནས་ཡིན་པ་དང་ ཁོང་ཉིས་སྟོང་དྲུག་ལོར་བོད་ནས་རྒྱ་གར་དུ་བཙན་བྱོལ་དུའབྱོར་བའི་རྗེས་ ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་ཡོད་པ་དང་ ད་ལོ་སློབ་མཐར་ཐོན་རྗེས་ལྡི་ལིར་གནས་སྡོད་བྱས་ཡོ་དཔ་རེད་་  ཁོང་གིས་སྐུ་ལུས་མེར་བསྲེག་མ་བཏང་སྔོན་ དོན་ཚན་ལྔ་འཁོད་པའི་ཡིག་ཐོག་ཞལ་ཆེམས་ཞིག་ཀྱང་བཞག་གནང་ཡོད་པ་དང་ དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་པ་དང་ ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་ བོད་མི་ཚོས་མི་རིགས་ཀྱི་ལ་རྒྱ་བཅངས་ནས་ བོད་མི་རིགས་ཀྱི་ཆེད་མུ་མཐུད་འཐབ་རྩོད་གནང་དགོས་པ་ ཆོལ་ཁ་གསུམ་གྱི་བོད་མི་ཚོ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་སྙིང་སྟོབས་མ་ཆག་པ་བྱེད་དགོས་པ་ བོད་མི་ཚོས་རང་ལུས་མེར་བསྲེག་བཏང་དགོས་དོན་དེ་ནི་འཛམ་གླིང་མི་མང་ཚོས་བོད་ནང་གི་གནས་སྟངས་དངོས་ཤེས་རྟོགས་ཐུབ་རྒྱུར་རང་སྲོག་བློས་བཏང་བ་ཞིག་ཡིན་པ་སོགས་ཀྱི་ནང་དོན་འཁོད་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎