བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་དགུ་པ།
2010.07.20
༄༅༎བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་དགུ་པ་དེ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་མ་ནཱ་ལིའི་ནང་ཚུགས་བཞིན་ཡོད་འདུག་ཅིང་ ཉིན་གྲངས་ལྔའི་རིང་གི་ཚོགས་འདུ་དེའི་ཐོག་ས་གནས་ཁག་ཉི་ཤུ་རྩ་དགུའི་བེུད་ལྷན་ཚོགས་ཀྱི་ཡན་ལག་གི་འགན་འཛིན་ཚོགས་མི་ཁག་གཅིག་མཉམ་ཞུགས་གནང་ཡོད་པ་རེད་འདུག།
བེུད་ལྷན་ཚོགས་ཀྱི་དབུས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་ ཚོགས་འདུའི་གྲོས་གཞི་ཁག་ནི་བོད་ཀྱི་གནད་དོན་དང་འབྲེལ་བ་ཤ་སྟག་ཡིན་པར་མ་ཟད་ བེུད་ལྷན་ཚོགས་ཀྱི་ལངས་ཕྱོགས་ནི་བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐུབ་རྒྱུར་ཡིད་ཆེད་བྱེད་བཞིན་པ་དེ་ཡིན་པ་གསུངས་འདུག།
བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་དེ་ཕྱི་ལོ་༡༩༨༥ལོར་བཞུགས་སྒར་རྡ་རམ་ས་ལར་ཚོགས་པ་དང་ འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་རིམ་པའི་སྐབས་ འདས་པའི་ལས་འགུལ་གྱི་ཉམས་མྱོང་ལ་གཞིགས་ཏེ་ འབྱུང་རྒྱུར་གྱི་ལས་འགུལ་ཚགས་ཚུད་དུ་གཏོང་ཐབས་དང་ ལས་འགུལ་གྱི་ཁ་ཕྱོགས་བསྒྱུར་བའི་ཐབས་ལམ་འཚོལ་ཐབས་སོགས་གནང་སྟེ་གྲོས་ཆོད་གཏན་འབེབས་གནང་སྲོལ་ཡོད་པ་རེད།
བོད་ཀྱི་བེུད་ལྷན་ཚོགས་ནི་བོད་ཕྱི་ལོགས་སུ་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཆེ་ཤོས་གཉིས་པ་དེ་ཡིན་པ་དང་ ཚོགས་མི་གཅིག་ཁྲི་ལྔ་སྟོང་ཙམ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།