བོད་ཀྱི་བུད་མེད་རྐང་རྩེད་པོ་ལོའི་རུ་ཁག་ཐེངས་དང་པོ་ཕྱི་ལ་བསྐྱོད་པ།
2015.07.01
དེ་ཡང་རྒྱ་གར་བཙན་བྱོལ་ནང་དུ་༢༠༡༡ལོར་བོད་པའི་བེུད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་གསར་འཛུགས་གནང་བ་ནས་བཟུང་ཕྱིའི་རྒྱལ་ཁབ་ཏུ་ཐེངས་དང་པོ་རྐང་རྩེད་པོ་ལོའི་འགྲན་བསྡུར་བྱེད་པར་བསྐྱོད་ཡོད་པ་དང་། དེ་ཡིས་རྒྱ་ནག་གི་བེུད་རྐང་རྩེད་པོ་ལོའི་རུ་ཁག་དང་ཐུག་ཏེ་ཕན་ཚུན་གྱི་འབྲེལ་ལམ་ཞིག་ཏུ་འགྱུར་སྲིད་པའི་སྔོན་དཔགས་གནང་གི་ཡོད་པ་རེད།
བཙན་བྱོལ་བོད་པའི་བེུད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་ནི་། Germanyརྒྱལ་ས་Barlinདུ་ཕྱི་ཟླ་དྲུག་པའི་ཚེས་༢༧ནས་འགོ་བཙུགས་ཏེ་ཕྱི་ཟླ་བདུན་པའི་ཚེས་༦བར་ཚོགས་རྒྱུའི་རྒྱལ་སྤྱིའི་བེུད་ཀྱི་རྐང་རྩེད་པོ་ལོ་དང་རིག་གཞུང་དུས་སྟོན་ཐོག་Discoverརྐང་རྩེད་པོ་ལོའི་འགྲན་བསྡུར་ནང་མཉམ་ཞུགས་བྱེད་པར་གདན་ཞུ་གནང་ཡོད་པ་དང་། དུས་སྟོན་དེའི་ནང་མཉམ་ཞུགས་གནང་མཁན་གྱི་རྒྱལ་ཁབ་གཞན་ཚོ་ནི། Brazilདང། Afghanistan, Cambodia, Tanzania, South Africa, རྒྱ་ནག་སོགས་ཡོད་ཅིང་། འདི་ལོའི་དུས་སྟོན་དེའི་མིང་འམ་སྙིང་དོན་ནི་རྒྱལ་མཚམས་མེད་པ་ཞེས་བཏགས་ཡོད་པ་རེད། བཙན་བྱོལ་ནང་གི་བོད་པའི་བེུད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་གི་རྩེད་འགྲན་ཚོགས་མི་བདུན་དང་། ཁོང་ཚོའི་སྦྱོང་བརྡར་སློབ་ཁྲིད་པ་དགོན་པོ་རྡོ་རྗེ་ལགས་དང་རུ་ཁག་དེ་གསར་འཛུགས་གནང་མཁན་དང་ལས་དོན་དེའི་ཐད་ལ་འགན་འཁུར་བཞེས་མཁན་ཨ་རི་བ་ལྕམ་Cassieཞུ་བ་བཅས་Germanyརྒྱལ་ས་Berlinདུ་རྩེད་འགྲན་ནང་མཉམ་ཞུགས་བྱེད་པར་ཕེབས་རྒྱུ་ཡིན་པ་རེད། རེས་གཟའ་སྤེན་པའི་ཉིན་ལྕམ་Cassie ཡིས་། རྩེད་འགྲན་དེའི་ནང་རྩེད་མོ་བ་རྣམས་རུ་ཁག་མཉམ་བསྲེས་ཀྱིས་མཛའ་གྲོགས་ཀྱི་འབྲེལ་ལམ་ཐོག་ནས་འགྲན་བསྡུར་བྱ་རྒྱུ་ཡིན་པ་དང་། དེ་ནི་༡༩༥༩ལོའི་རྗེས་སུ་བོད་པའི་རྩེད་འགྲན་པ་དང་རྒྱ་ནག་གི་རྩེད་འགྲན་པ་ཕན་ཚུན་ཐེངས་དང་པོ་ཐུག་འཕྲད་བྱུང་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ལ། ལྷག་པར་དུ་བོད་པའི་བེུད་རྩེད་འགྲན་པ་ཚོས་བོད་ཀྱི་རྩེད་འགྲན་པའི་སྐུ་ཚབ་ཐོག་ནས་ཕྱིའི་རྒྱལ་ཁག་ཏུ་བསྐྱོད་དེ་རྩེད་འགྲན་ནང་མཉམ་ཞུགས་བྱ་རྒྱུ་ཡིན་པ་དེ་ནི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པ་མ་ཟད། ཁོང་ཚོར་རྩེད་འགྲན་ཡར་རྒྱས་ཐོག་ལ་གོ་སྐབས་བཟང་པོ་ཞིག་དང་ཁོང་ཚོའི་ལོ་རྒྱུས་རྣམས་འཛམ་གླིང་མི་དམངས་ལ་ངོ་སྤྲོད་བྱ་རྒྱུའི་གོ་སྐབས་ཤིག་ཀྱང་ཡིན་པ་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།